ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལམ་ལུགས་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་རྒྱ་ཆེ་རུ་བསྐྱེད་པ། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་དུ་འགོད་པ་བཅས་ཀྱི་གར་སྟེགས་གལ་ཆེན་ཞིག་ཡིན། ད་ལོའི་ཟླ་གཉིས་པའི་ནང་དུ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཐོ་རིམ་གླེང་སྟེགས་བདེ་ལེགས་ངང་བསྡུས་པ་དང་། ངས་ཚོགས་ཐོག་ནས་གནས་བབ་གསར་པའི་འོག་གི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་དངོས་གཉེར་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་དངོས་ཕན་རོགས་རེས་ཀྱི་མཉམ་ལས་གྲུབ་འབྲས་རྒྱ་བསྐྱེད་དགོས་པ་ནན་གྱིས་བསྟན་ལ། མ་འོངས་པའི་ལོ་ངོ་ལྔ་ཡི་རིང་ལ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཁག་ཏུ་རིན་གོང་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་གྱི་ཚོང་རྫས་ནང་འདྲེན་བྱེད་རྒྱུའི་འཆར་གཞི་བཏོན་པར་མ་ཟད། ད་དུང་མ་འོངས་པའི་ལོ་ངོ་ལྔ་ཡི་རིང་ལ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་གྱི་ཚད་ལྡབ་གཅིག་ཇེ་མང་དུ་གཏོང་རྒྱུ་བརྩོན་ལེན་བྱས་ནས། མུ་མཐུད་དུ་ཉིང་པའོ་སོགས་ས་ཁུལ་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་འདོད་ཡོད་པ་ལས་གཞན། ཕྱོགས་སོ་སོའི་ཐུན་མོང་གི་འབད་འབུངས་འོག་ཏུ། མཐོ་རིམ་གླེང་སྟེགས་སྟེང་བཀོད་པའི་ལས་གཞི་ཡོངས་ཀྱི་གྲུབ་འབྲས་ཚང་མ་དངོས་འབེབས་བྱེད་བཞིན་པའི་སྒང་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་བསྡུས་བསྡུས་པ་ནི་ཀྲུང་གོའི་ཁྲོམ་རས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཚོང་རྫས་ལ་རྒྱུས་ལོན་བྱེད་པར་ཕན་པ་ཡོད་ཅིང་། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོར་ཕྱིར་འཚོང་བྱེད་པར་ཕན་པ་ཡོད་ལ། ཕྱོགས་སོ་སོས་རིམས་ནད་ཀྱི་འགྲན་རྩོད་ཅི་རིགས་སེལ་ཏེ་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་ལའང་ཕན་པ་ཆེན་པོ་ལྡན། རེ་བ་ཡིན་ན་ཕྱོགས་སོ་སོས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་མུ་མཐུད་དུ་སྔོག་འདོན་གང་ལེགས་བྱས་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་མཉམ་ལས་ཀྱི་བར་སྟོང་སྔར་ལས་ཡངས་པོ་བཏོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།