ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་སྒོར་དུང་ཕྱུར3.95བཏང་ནས་བདུན་གཅིག་སྔོན་ལ་འཚམ་འདྲི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་སྒོར་དུང་ཕྱུར3.95བཏང་ནས། “བདུན་གཅིག”སྔོན་ལ་འཚམ་འདྲི་བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད། ཐེངས་འདིའི་འཚམ་འདྲིའི་བྱ་འགུལ་གྱི་ཁ་གཏོད་ཡུལ་ནི་ཏང་ནང་གི་བྱས་རྗེས་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་འཚོ་བ་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་ལ་སྐུ་གཤེགས་པའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་སོགས་ཡིན། འཚམ་འདྲིའི་ཁྲོད། ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། མིག་སྔར་འཚོ་བཞུགས་བྱས་ཡོད་པའི་ཞིང་སྡེའི་ཏང་ཡོན་རྒན་པ། ལས་འཁྱུར་ཐོབ་ཐང་ལོངས་སྤྱོད་མ་བྱས་པའི་མཁར་གྲོང་གི་ཏང་ཡོན་རྒན་པ་བཅས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྟེར་རྒྱུ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ས་ཁུལ་སོ་སོའི་སྡེ་ཁག་གིས་རིམ་པ་དེ་གའི་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་མགྱོགས་མྱུར་སྒོས་ཆ་སྡེབ་མ་དངུལ་དངོས་འབེབས་བྱས་ཏེ། “བདུན་གཅིག”སྔོན་ལ་འཚམ་འདྲིའི་བྱ་ཡུལ་གྱི་ལག་ཏུ་སྟེར་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།