ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས7ཉིན། ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་ནས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧུའུ་ཁྲུན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་ཏན་ཏིག་སྒོས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེ་ཞིང་མིང་གྲགས་ཆེ་བའི་ཞབས་ཞུའི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་ཡིས་བཤད་དོན། ད་ལོ་ནི་དབུ་ནས་ནས་ལོ་བརྒྱ་འཁོར་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་ཚུགས་པའི་ལོ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བར་སྐྱོད་མགོ་བརྩམས་པའི་ལོ་ཡིན་པས། ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་བདེ་བླག་ངང་ཚོགས་པར་དོན་སྙིང་གལ་ཆེན་ལྡན། བྱ་བའི་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། བྱ་བའི་ཇུས་གཞི་ཞིབ་ཕྲ་སྒོས་གཏན་འཁེལ་བྱས་ནས། ཆུ་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་གྲ་སྒྲིག་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།