ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནཱ་མིའི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནཱ་མིའི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་ལ་གློག་འཕྲིན་བཏང་ནས་ཙུང་ཐུང་ཀེན་ཀོ་པུའུ་བཟའ་ཟླ་གཉིས་ལ་པྲོག་གསར་ནད་དུག་འགོས་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། 

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་ཙུང་ཐུང་དང་མཁྱེན་ལྡན་མ་ཀེན་ཀེ་སིར་པྲོག་གསར་ནད་དུག་འགོས་པ་ཤེས་པས། ང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན་ལ། ཁྱེད་གཉི་ཀ་སྔ་མོ་ནས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་ནཱ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རོགས་རེས་བྱས་ནས་མཉམ་དུ་རིམས་ནད་འགོག་བཅོས་བྱས་པས་སྲོལ་རྒྱུན་གྱི་མཛའ་མཐུན་གཏིང་ཟབ་ཏུ་ཕྱིན། ངས་ཀྲུང་ནཱ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་ཀེན་ཀོ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།