ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་དང་རྩ་འཛུགས་དམ་པོ་ཡིན་པ་ནི་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་དམིགས་བསལ་གྱི་ཁྱད་སྟོབས་ཡིན། སྲོལ་ཡིག་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ལུགས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཏང་གི་རྩ་འཛུགས་བྱ་བ་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བ་ནི་དུས་རབས་གསར་བའི་ཏང་གི་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་པའི་གཞི་རྩའི་བསྲུང་བྱ་ཡིན། སྲོལ་ཡིག་གཏན་འཁེལ་དང་ལག་བསྟར་བྱས་པ་དེ་ཏང་གིས་རྩ་འཛུགས་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། རྩ་འཛུགས་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་འགྱུར་བར་སྐུལ་འདེད་གཏོང་བ། རྩ་འཛུགས་བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

བརྡ་ཐོ་ལས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དྲིལ་སྒྲོག་ཀློག་འགྲེལ་དང་ལྟ་སྐུལ་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་པ་དང་། རྩ་འཛུགས་བྱ་བའི་མགོ་ཁྲིད་ལ་སྔར་ལས་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་རྩ་འཛུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲོལ་ཡིག་ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་གཞི་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན།

སྲོལ་ཡིག་ལ་ལེའུ་བདུན་དང་དོན་ཚན་ཞེ་དྲུག་ཡོད་པ་དང་ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་བཟུང་ལག་བསྟར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།