ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར400ལས་བརྒལ་ནས་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡི་དངོས་ཐོག་དུས་སྐབས་ཀྱི་བརྟག་བཤེར་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ6པའི་ཚེས1ཉིན་བར་དུ། ད་ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར400ལས་བརྒལ་ཏེ། ཕལ་ཆེར2017ལོའི་རྒྱལ་ཡོངས་ཀྱི་ཆུ་ཚད་དང་འདྲ་ལ། ཉིན་རེའི་ཆ་སྙོམས་ཀྱི་ལས་སྒོའི་སྤྱི་འབོར་དུང་ཕྱུར2.66ལ་སླེབས་ཤིང་། ཉིན་རེར་ཆ་སྙོམས་ཀྱིས་སྤྱོད་མཁན་ལ་ཞབས་ཞུ་སྒྲུབ་པ་མི་ཐེངས་དུང་ཕྱུར5ལ་སླེབས། རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡིས་ཚོད་དཔག་ལྟར་ན། 2021ལོའི་ལོ་ཧྲིལ་བོར་མྱུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར950ལས་བརྒལ་རྒྱུ་ཡིན་པར་བསྟན།

རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་མྱུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར400ལས་བརྒལ་བར་དུས་ཡུན་ཟླ5ལས་མ་འགོར་བ་དང་། དེ2017ལོའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་སྤྱི་འབོར་དུང་ཕྱུར400ལས་བརྒལ་བ་དང་བསྡུར་ན་ཟླ7གྱི་སྔོན་ལ་ལེགས་འགྲུབ་བྱས་ཡོད་པ་དང་། 2020ལོ་ལས་ཟླ2ཀྱི་སྔོན་ལ་ལེགས་འགྲུབ་བྱས་པས། ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།