ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ནན་ཧྲན་གྱིས་ཉིང་སྐྱུར་ཚད་ལེན་གྱི་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གང་མགྱོགས་སྒོས་བརྒྱུད་སྤེལ་འབྲེལ་ཐག་གཅོད་དགོས་ཞེས་གྲོས་མགོ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཏུང་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚོགས་ཆུང་གི་ཟླ5པའི་ཚེས31ཉིན་འཚོགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་གཏམ་བཤད་སྐབས་གཙོ་གནད་ས་ཁོངས་སུ་མི་འབོར་མང་བ་དང་འདུས་ཚད་ཆེ་བའི་དོན་དངོས་ལ་དམིགས་ཏེ་དུས་ཐོག་དང་གཟབ་ནན། གནད་སྨིན་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་གོམ་གང་མདུན་སྤོས་སྒོས་མི་སྣ་འཁོར་རྒྱུག་དང་གཅིག་སྡུད་བྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུ་དང་ཉིང་སྐྱུར་ཚད་ལེན་གྱི་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། གང་མགྱོགས་སྒོས་བརྒྱུད་སྤེལ་འབྲེལ་ཐག་གཅོད་དགོས་ཞེས་གྲོས་མགོ་བཏོན། ཁོང་གིས་ཚང་མས་མཉམ་གཅིག་ཏུ་ཐེངས་འདིའི་རིམས་ནད་ཀྱི་ཁྱད་ཆོས་གསར་པ་དང་གནས་ཚུལ་གསར་པར་ཞིབ་འཇུག་བརྡར་གཅོད་ནན་མོ་བྱ་རྒྱུ་དང་། གཞན་འགྱུར་ནད་དུག་གི་ཁྱབ་སྤེལ་ཆོས་ཉིད་ལ་དབྱེ་ཞིབ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ནད་དུག་གི་ཡོང་ཁུངས་ལ་རིགས་པས་ཁུངས་སྐྱེལ་དང་ནད་གཞི་གསལ་འབྱེད། ནད་དུག་སྡོང་རྐང་ལ་དབྱེ་ཞིབ་བཅས་བྱས་ནས་སྔར་ལས་ལྷག་པར་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་གནད་སྨིན་སྲིད་ཇུས་ལ་འདེགས་སྐྱོར་གང་ལེགས་བྱ་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།