ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་མགོ་ཁྲིད་པ་གཙོ་བོ་དང་མགོ་ཁྲིད་ཚན་ཁག་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེལ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་མགོ་ཁྲིད་པ་གཙོ་བོ་དང་མགོ་ཁྲིད་ཚན་ཁག་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེལ་སྤེལ་བྱས།

བསམ་འཆར་ལས་མགོ་ཁྲིད་པ་གཙོ་བོ་དང་མགོ་ཁྲིད་ཚན་ཁག་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་ཤེས་དགོས་པའི་བླང་བྱ་བཏོན་ཡོད། བསམ་འཆར་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་སྤེལ་བྱས་ཤིང་། ཏང་ཨུ་དང་ཏང་ཙུའུ་ཡི་གཙོ་གཞིའི་འགན་འཁྲི་དང་ཧྲུའུ་ཅིའི་འགན་འཁུར་བ་གཙོ་བོའི་འགན་འཁྲི། མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་པའི་གནས་གཅིག་འགན་གཉིས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་རྟོག་ཆེད་འཁུར་འགན་འཁྲི་བཅས་དངོས་འབེབས་བྱས་པས། ཕན་ནུས་ལྡན་པའི་སྒྲུབ་སྟངས་དང་བྱེད་ཐབས་གང་མང་ཆགས་པར་བྱས། དེ་དང་མཉམ་དུ་མགོ་ཁྲིད་པ་གཙོ་བོར་ལྟ་རྟོག་བྱེད་པ་ཉམས་ཞན་གྱི་ལས་རིམ་ཡིན་པ་ཅིས་ཀྱང་གསལ་བོར་རྟོགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་མགོ་ཁྲིད་གཙོ་བོ་དང་མགོ་ཁྲིད་ཚན་ཁག་ལ་ལྟ་རྟོག་བྱེད་པའི་ཐལ་སྐྱོད་གལ་ཆེན་རང་བཞིན་དང་དངོས་ཡོད་དགོས་གལ་རང་བཞིན་གསལ་བོར་ཤེས་པར་བྱས་ཏེ། གོང་རིམ་ཏང་རྩ་འཛུགས་ཀྱི་ལྟ་རྟོག་ལ་ཤུགས་སྣོན་ཞིང་རིམ་མཚུངས་ལྟ་རྟོག་བྱ་བ་ཞིབ་ཕྲ་སྒོས་བསྒྲུབ་དགོས་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རང་རྟོགས་སྒོས་བློ་བཀུར་དང་སྤྱོད་གཙང་ཁག་ཁུར་ལག་ལེན་བྱེད་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཐུན་མོང་གཅིག་བསྡུས་མགོ་ཁྲིད་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་དེ་ཏང་ཡོངས་གོམ་པ་བརྟན་པོས་མདུན་དུ་སྐྱོད་པ་འགན་སྲུང་བྱེད་དགོས་ཟེར།

བསམ་འཆར་ལས་བསྟན་དོན། ཏང་ཨུ་དང་ཏང་ཙུའུ་ཡིས་ལྟ་རྟོག་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཏང་ནང་ཁུལ་གྱི་ལྟ་རྟོག་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ལྟ་རྟོག་གཙོ་ཁྲིད་བྱས་ཏེ་རིགས་སོ་སོའི་ལྟ་རྟོག་དང་མཉམ་བསྲེས་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་འགན་འཁུར་བའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྟ་རྟོག་ཕན་འབྲས་ཇེ་མཐོར་གཏོང་དགོས། ཧུར་ཐག་སྒོས་འཚོལ་ཞིབ་གསར་སྐྲུན་བྱས་ནས་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།