ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་ཁྲིམས་ལྟར་ཀྲུང་གོའི་མངའ་ཁོངས་སུ་རོལ་རྩེད་ཁང་འཛུགས་ཆོག་པར་བཟོས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ6པའི་ཚེས1ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་ཤས་སྔོན་ལ《རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲེལ་ཡོད་རོལ་རྩེད་ཁང་དང་དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་ལེགས་སྒྲིག་དང་ཞིབ་མཆན་འགོད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་ལྟར་ན། ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་ཁྲིམས་ལྟར་ཀྲུང་གོའི་མངའ་ཁོངས་སུ་རོལ་རྩེད་ཁང་འཛུགས་ཆོག་ལ་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བསྡུར་ཚད་ལ་ཚོད་འཛིན་མེད་པར་བཟོས་པ་རེད། ཕྱི་རྒྱལ་གྱི་མ་དངུལ་གཏོང་མཁན་གྱིས་རོལ་རྩེད་བྱ་ཡུལ་གྱི་ཚོང་གཉེར་བྱ་འགུལ་སྤེལ་རྒྱུའི་རེ་འདུན་ཞུ་དགོས་ཚེ། ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་ལ་རེ་འདུན་ཞུ་དགོས་ལ། རེ་འདུན་ཞུ་ཡིག་དང་གསར་འཛུགས་ཀྱི་ཆ་རྐྱེན། བྱ་བའི་ལས་རིམ་དང་ནང་གི་མ་དངུལ་གཅིག་མཐུན་ཡིན་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མ་དངུལ་འཇོག་མཁན་གྱིས་ནང་སར་མ་དངུལ་བཞག་ནས་རོལ་རྩེད་བྱ་ཡུལ་འཛུགས་རྒྱུ་དང་། ཐའེ་ཝན་ས་ཁུལ་གྱི་མ་དངུལ་འཇོག་མཁན་གྱིས་སྐམ་ས་ཆེན་མོར་མ་དངུལ་བཏང་ནས་རོལ་རྩེད་ཁང་འཛུགས་གཉེར་བྱེད་སྐབས་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།