ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཐབས10།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20210601093746.jpg

བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་གཉིས་ཆ་སྡེབ་མཐུད་སྦྲེལ་ཡོང་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་གལ་ཆེན་གྱིས་མི་གྲངས་ལ་ཤན་ཤུགས་ཐེབས་པའི་དཔྱད་འཇོག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། 

གཉེན་སྒྲིག་དང་བུ་བཙའ། བདག་སྐྱོང་། སློབ་གསོ་བཅས་གཞི་གཅིག་ཏུ་བསམས་གཞིགས་གཏོང་རྒྱུ་རེད།

གཉེན་སྒྲིག་གི་མི་ལེགས་པའི་གོམས་གཤིས་དང་། གཉེན་རྟེན་མཐོན་པོ་ལེན་པ་སོགས་ཀྱི་སྤྱི་ཚོགས་སྲོལ་ངན་ལ་ལེགས་བཅོས་བྱེད་པ།

ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། བདག་སྐྱོང་ཞབས་ཞུའི་མ་ལག་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོའི་འདྲ་མཉམ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་ལ་སྐུལ་འདེད་བྱས་ཏེ། ཁྱིམ་ཚང་གི་སློབ་གསོའི་འགྲོ་གྲོན་དམའ་རུ་གཏོང་བ།

བུ་བཙའི་ངལ་གསོ་དང་བུ་བཙའི་ཉེན་སྲུང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ།

ཁྲལ་བསྡུ་དང་སྡོད་ཁང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་སྣོན་པ།

སྐྱེས་མའི་ལས་ཞུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ།

ཁྱོན་ཡོངས་ནས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་སྙོམས་སྒྲིག་སྔོན་གྱི་ཕྲུ་གུ་ཁེར་སྐྱེས་ཁྱིམ་ཚང་དང་། ཞིང་སྡེའི་འཆར་ལྡན་བུ་སྐྱེས་ཀྱི་བུ་ཕྲུག་གཉིས་ལྡན་ཁྱིམ་ཚང་ལ་མུ་མཐུད་དུ་སྣ་སོ་སོའི་བྱ་དགའི་རོགས་སྐྱོར་སྒྲིག་སྲོལ་དང་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་པ།

འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་གི་རོགས་སྐྱོར་འགན་སྲུང་སྒྲིག་སྲོལ་སྒྲིག་འཛུགས་དང་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གི་སྣེ་ཁྲིད་དང་། སྤྱི་ཚོགས་རྩ་འཛུགས་དེའི་ཁྲོད་ཞུགས་པའི་རོགས་སྐྱོར་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ལེགས་པོ་བྱེད་པ།

རྒྱལ་ཁབ་མི་གྲངས་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་དང་། ས་ཁོངས་མི་གྲངས་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་འཇུག་གཏིང་ཟབ་ངང་སྤེལ་ཏེ། དུས་ཡུན་རིང་བོར་མི་གྲངས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།