ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས2021ལོའི་སྐོར་གསུམ་པའི་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་ཚིགས12ཡི་སྒོ་བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས31ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། དམངས་སྲིད་པུའུ་ཡིས་ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཁག་དང་མཉམ་དུ2021ལོའི་སྐོར་གསུམ་པའི་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་ཚིགས་དང་དེ་མིན་སྨྱན་བྱད་གསར་པའི་རྩིས་ཐོ་ཁྲིམས་ལྟར་མཚམས་འཇོག་བྱས་ནས་འབྲེལ་ཡོད་དྲ་ངོས་གཙང་སེལ་བྱས་པ་རེད། ཐེངས་འདིར་སྤྱོད་མཚམས་བཅད་པའི་ལས་ཁུངས་ལ་རྒྱལ་ཡོངས་སྒྱུ་རྩལ་གྱི་དམིགས་བསལ་སློབ་མའི་དཔྱད་འཇོག་ཨུ་ཡོན་ལྷན་ཚོགས་དང་། ཀྲུང་གོའི་གྲོང་གསེབ་དར་སྤེལ་ཚན་རྩལ་ཁང་། ཀྲུང་གོའི་དྲང་ཕྱོགས་སློབ་གཅུན་མཐུན་ཚོགས། ཀྲུང་གོའི་འཕྲུལ་མིའི་སློབ་གསོ་མནའ་འབྲེལ་སོགས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས12འདུས།

དམངས་སྲིད་པུའུ་ཡིས་མུ་མཐུད་དུ་དམ་བསྒྲགས་རྣམ་པའི་སྟེང་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དྲ་རྒྱའི་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱ་བར་ཤུགས་སྣོན་རྒྱག་རྒྱུ་དང་དྲ་ཐོག་དང་དྲ་འོག་ནས་དུས་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་འཛུགས་པར་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ། ངོ་བོ་ཐ་ཤལ་དང་སློབ་གསོ་ཡང་ཡང་བཏང་ཡང་ཡོ་བསྲང་མི་བྱེད་པའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་འཛུགས་རྒྱུའི་གྲོས་འགོ་འདོན་མཁན་དག་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་ལ་ཕུལ་ནས་ཁྲིམས་ལྟར་ཁྲིམས་འགལ་གྱི་དྲ་སྦྲེལ་དྲ་ཚིགས(གཙོ་སྒྲུབ་པ)ཀྱི་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་ཡིན་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།