ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་གསུམ་སྐྱེས་ཆོག་པའི་སྲིད་ཇུས་ཐོན་འདུག

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར་ན། མི་འབོར་ན་རྒས་ཅན་ལ་ཁ་གཏད་འཇལ་བའི་ཆེད་དུ། རང་རྒྱལ་གྱིས་གལ་ཆེའི་སྲིད་ཇུས་ཤིག་བསྒྲགས་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ5བའི་ཚེས31ཉིན་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ཏུ་བུ་བཙའི་སྲིད་ཇུས་གོམ་གང་མདུན་སྤོས་ཀྱིས་ལེགས་བསྒྱུར་བྱ་ཆེད། བཟའ་ཚང་གཅིག་གིས་བྱིས་པ་གསུམ་སྐྱེས་ཆོག་པའི་སྲིད་ཇུས་དང་དེ་འབྲེལ་གྱི་མཐུན་རྐྱེན་སྦྱོར་ཐབས་ལག་བསྟར་བྱ་རྒྱུ་རེད། དེས་རང་རྒྱལ་གྱི་མི་འབོར་སྒྲིག་གཞི་ལེགས་བསྒྱུར་དང་མི་འབོར་ན་རྒས་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་དགེ་མཚན་རྒྱུན་མཐུད་བྱེད་པ་བཅས་ལ་ཕན་ཐོགས་ལྡན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།