ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་གསར་བྱུང་པྲོག་གསར་གློ་ཚད་ནད་པ11བྱུང་བ་དང་ཚང་མ་ཕྱིར་ཡོང་ནད་པ་ཡིན་པར་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས30ཉིན་ཡོངས་བསྒྲགས་བྱས་པ་ལྟར་ན། ཟླ5པའི་ཚེས29ཉིན་གྱི་དུས་ཚོད0ནས24བར། ཞིང་ཆེན་དང་(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་གསར་བྱུང་པྲོག་གསར་གློ་ཚད་ནད་པ11བྱུང་ཞིང་། ཚང་མ་ཕྱིར་ཡོང་ནད་པ་ཡིན་པ་དང་།(ཧྲང་ཧའེ་རུ5དང་ཧྥུའུ་ཅན་དུ2། ནང་སོག་ཏུ1། ཀོང་ཏུང་དུ1། སི་ཁྲོན་ཏུ1།  ཧྲན་ཞི་རུ1བཅས) གསར་བྱུང་གི་ཤི་བའི་ནད་པ་མེད་ལ། དོགས་གཞི་ཅན་གྱི་ནད་པ་ཡང་མེད།

ཉིན་དེར་སྨན་བཅོས་བྱས་ནས་སྨན་ཁང་ལས་བུད་པ་མི10གསར་སྣོན་བྱུང་བ་དང་། ནད་པ་དང་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི609སྨན་བཅོས་ལྟ་ཞིབ་ལས་གྲོལ་ཞིང་། ནད་པ་ལྕི་མོ་ཉིན་སྔོན་མ་དང་གཅིག་མཚུངས་རེད།

ཕྱིར་ཡོང་ནད་པ295(དེའི་ཁྲོད་ནད་པ་ལྕི་མོ3)དང་ད་ཡོད་དོགས་གཞི་ཅན་གྱི་ནད་པ2ཡོད། ནད་རྟགས་ཐག་བཅད་པའི་ནད་པ་ཁྱོན་བསྡོམས6044དང་། བསྡོམས་པས་སྨན་བཅོས་བྱས་ནས་སྨན་ཁང་ལས་བུད་པའི་ནད་པ5749ཡོད་པ་དང་། ཤི་བའི་ནད་པ་བྱུང་མེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།