ཀྲུང་གོ་བོད་ཀྱི་དྲ་བ།

“དུས་རབས་ཀྱི་མིག་དཔེ——ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་སྐྱེས་སྐར་ལ་གུས་འདུད་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་བརྙན་པར་འགྲེམས་སྟོན་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

པར་འདི་ནི་ཟླ5བའི་ཚེས30ཉིན་འགྲེམས་སྟོན་ཁུལ་དུ་བླངས་པའི་པར་ཡིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་འདིར།  “དུས་རབས་ཀྱི་མིག་དཔེ——ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་སྐྱེས་སྐར་ལ་གུས་འདུད་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་བརྙན་པར་འགྲེམས་སྟོན་དེ་ཟླ5བའི་ཚེས30ཉིན་གྱི་སྔ་དྲོར་པེ་ཅིང་ཀྲུང་ཧྭའི་དུས་རབས་ཀྱི་སྟེགས་བུར་མགོ་བརྩམས།  འགྲེམས་སྟོན་དེ་ཁང་བའི་ནང་དང་ཁང་བའི་ཕྱི་ཡི་འགྲེམས་ཁུལ་གཉིས་སུ་བགོས་ཡོད།  འགྲེམས་སྟོན་ཁྲོད་དུ“བཅོས་སྒྱུར་འཕེལ་རྒྱས་གསར་གཏོད་མཁན་དང་འབྱོར་འབྲིང་གི་ཕུགས་འདུན་བརྩོན་མཁན།  དྲང་བདེན་དྲང་བཞག་ལ་སྲུང་སྐྱོང་བྱེད་མཁན།  བདེ་སྐྱིད་ཀྱི་འཚོ་བ་གསར་བསྐྲུན་མཁན།  དམག་དཔུང་སྟོབས་ཆེན་དུ་གཏོང་བའི་ལག་བསྟར་མཁན།  ཏང་གི་འཛུགས་སྐྱོང་སྣེ་ཁྲིད་མཁན“བཅས་ཚན་པ་དྲུག་ལ་དམིགས་ནས།  ཡུལ་དངོས་སུ“འཚོལ་ཞིབ་བྱེད་པ་དང་གཞི་རིམ་སྟོབས་ཆེན་དུ་གཏོང་བ།  དཔེ་མཚོན་གསར་གཏོད”བཅས་ཀྱི་རྣམ་པས།  ལོ་རྒྱུས་ཀྱི་རི་མོ་དང་ཡི་གེ  བརྙན་གཟུགས།  དངོས་པོའི་རྣམ་པ།  ཕན་ཚུན་རོལ་མྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག   “དུས་རབས་ཀྱི་མིག་དཔེ”སོགས་དཔའ་བོ་དཔེ་བཟང་འབོར་ཆེན་ཞིག་གིས་ཏང་ལ་བློ་དཀར་བ་དང་།  མེས་རྒྱལ་ལ་བློ་དཀར་བ།  མི་དམངས་ལ་ལྷག་བསམ་རྣམ་དག་ཡིན་པ་བཅས་ཀྱི་རྒྱལ་གཅེས་བརྩེ་སེམས་བཅངས་ནས།  བློ་བརྟན་འགྱུར་མེད་ངང་དཀའ་ཁག་ལ་མི་འཛེམ་པར་ཧུར་བརྩོན་བྱས་ཏེ།   བྱ་བ་ནན་གྱིས་བསྒྲུབ་པ་དང་རང་འགུལ་གྱིས་འབད་འབུངས་བྱེད་པའི་བླ་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།