ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ཉིན་རེའི་ཚགས་པར་བཏོན་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཉིན་རེའི་ཚགས་པར་བཏོན་ནས་ལོ40འཁོར་བའི་དུས་འདིེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་དང་། ཕྱི་རྒྱལ་གྱི་ཆེད་མཁས་པ། གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ40ཡི་རིང་ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཧུར་ཐག་གིས་ཀྲུང་གོའི་སྒྱུར་བཅོས་གོང་འཕེལ་དྲིལ་བསྒྲགས་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད། 

ཞི་ཅིན་ཕིན་གྱིས་ཀྲུང་གོའི་ཉིན་རེའི་ཚགས་པར་གྱིས་ཚགས་པར་བཏོན་ནས་ལོ་ངོ40འཁོར་བ་མགོ་རྩོམ་ས་གསར་པ་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྦྲེལ་མཐུད་དང་། འཛམ་གླིང་དང་འབྲེལ་གཏུག་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཅིངས་སྟེ། ཁྱོན་ཡོངས་ཀྱི་གནས་བབ་དམ་འཛིན་དང་ཕྱི་ཕྱོགས་སུ་གླེང་སློང་གི་མ་ལག་གསར་གཏོད། སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་བསྒྲགས་ཀྱི་རྣམ་པ་གཏོད་པ། བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་བྱས་ནས། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་འགྲོ་ལམ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་སྔར་ལས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱས་ཏེ། དངོས་ཡོད་དང་གཟུགས་ལྡན། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་སྔར་ལས་ལྷག་པའི་སྒོ་ནས་ཕྱིར་སྟོན་བྱས་ཏེ་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་འདྲིས་འབྲེལ་གཏུག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཀྲུང་གོ་ཉིན་རེའི་ཚགས་པར་ནི1981ལོའི་ཟླ6པའི་ཚེས1ཉིན་གསར་དུ་བཏོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱས་པའི་རྒྱལ་ཁབ་རིམ་པའི་དབྱིན་ཡིག་གི་ཉིན་རེའི་ཚགས་པར་ཐོག་མ་ཡིན། ལོ40ཡི་འཕེལ་རྒྱས་བརྒྱུད། གོ་ལ་ཧྲིལ་པོ་ཅན་དང་ཚོགས་སྤྱི་ཅན། སྐད་རིགས་སྣ་མང་བ། སྨྱན་སྦྱོར་སྤྱིའི་བརྒྱུད་བསྒྲགས་མ་ལག་ཅིག་ཆགས་ཡོད། ཚགས་པར་འདོན་ཐེངས་ཁྲི70ཙམ་ལ་སྤེལ་པ་དང་སྨྱན་སྦྱོར་སྤྱིའི་སྤྱོད་མཁན་མི་གྲངས་དུང་ཕྱུར3.5ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།