ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲེ་ཅང་ཉིན་པོ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ5བའི་ཚེས24དང་ཚེས25ཉིན་གཉིས་ལ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲེ་ཅང་ཉིན་པོ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། 

2.jpg

ཟླ5བའི་ཚེས24དང་ཚེས25ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲེ་ཅང་ཉིན་པོ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས24དང་ཚེས25ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲེ་ཅང་ཉིན་པོ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ལ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས། དཔལ་འབྱོར་བརྟན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཉིན་པོ་ཀྲིག་ཧྲན་གྲུ་ཁ་ནི་རྒྱལ་ནང་དུ་ཐོན་རྫས་འབོར་ཆེན་བརྒྱུད་འདྲེན་བྱེད་པའི་རྟེན་གཞི་གཙོ་བོ་ཡིན། ལིས་ཁི་ཆང་གིས་གྲུ་ཁའི་སྐྱེལ་འདྲེན་བདག་གཉེར་དང་ཐོན་རྫས་འབོར་ཆེན་གྱི་རིན་གོང་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། ཉིན་པོ་ཀྲིག་ཧྲན་གྲུ་ཁའི་ཁུལ་གནས་དང་གྲུ་ལམ་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ལེགས་སྒྱུར་བཀོད་སྒྲིག་གི་བསམ་བཀོད་དམ་འཛིན་བྱེད་པ་དང་ཚོང་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ཚོང་རྫས་འབོར་ཆེན་ནང་འདྲེན་དང་བརྗེ་རེས། གསོག་འདྲེན་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མ་འོངས་པའི་འཛམ་གླིང་དཔལ་འབྱོར་གྱི་དུས་འཁོར་རང་བཞིན་གྱི་འཕེལ་འགྲིབ་ལ་ཁ་གཏད་འཇལ་བ་དང་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

འཇོན་མིའི་ཚོང་རའི་ནང་ལིས་ཁི་ཆང་གིས་ས་གནས་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སྟབས་བསྟུན་ལས་ཞུགས་མི་སྣའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་པའི་འཚོལ་ཞིབ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོང་གིས་ལས་ཀ་འཚོལ་བའི་མི་སྣས་རྩལ་ནུས་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་དགོས་པའི་སྐུལ་མ་བཏང་།

དབྱིན་ཀྲིག་ཁུལ་ཞབས་ཞུའི་ལྟེ་གནས་ནས་ལིས་ཁི་ཆང་གིས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལྷོད་སྡོམ་ཞབས་གསུམ་བཅོས་སྒྱུར་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་དོན་སྒྲུབ་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས། ཁོང་གིས་གསུངས་རྒྱུར། ཚོང་རའི་གཙོ་གཞི་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། ལྷོད་སྡོམ་ཞབས་གསུམ་བཅོས་སྒྱུར་གྱིས་ཁོ་ཚོའི་དཀའ་གནད་ཐག་བཅད་དེ་ཐེངས་གཅིག་གིས་དོན་དག་སྒྲུབ་ཐུབ་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་བརྟེན་ནས་རྒྱུན་སྲོལ་ཆ་འཕྲིན་ཐེངས་གཅིག་མ་གཏོགས་སྙན་ཞུ་བྱེད་མི་དགོས་པར་བྱས་ནས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ཡོད། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ཏེ་ཁེ་ལས་མང་ཚོགས་ཀྱིས་དོན་དག་སྒྲུབ་པར་སྔར་ལས་སྟབས་བདེ་བཟོ་བ་དང་ཚོང་རའི་འགྲན་རྩོད་སྔར་ལས་འདྲ་མཉམ་ཡོང་བར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཀྲེ་ཅང་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག གསར་གཏོད་གསར་སྐྲུན་དང་ཀུན་གྱི་མདུན་གྲས་སུ་བསྐྱོད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཞེས་བསྟན།

ཞོ་ཅེ་དང་ཧི་ལིས་ཧྥིན་གཉིས་ཀ་རྟོག་ཞིབ་བྱ་བར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།