ཀྲུང་གོ་བོད་ཀྱི་དྲ་བ།

ཉིན་གཅིག་ལ་མིང་དུ་གྲགས་པའི་ཡོན་ཧྲི་གཉིས་སྐུ་གཤེགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས”ཐོབ་མཁན་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ཁབ་རྒྱུད་འདྲེས་ཆུ་འབྲས་ལས་གཞི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། དེ་སྔའི་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡོན་ལུང་ཕིང་ལགས་ཀྱི་དབང་བོ་མང་པོའི་ནུས་པ་ཉམས་ཞན་དུ་སོང་སྟེ2021ལོའི་ཟླ5བའི་ཚེས22ཉིན་གྱི་ཆུ་ཚོད13དང་སྐར་མ07གྱི་སྟེང་ཚེ་ལས་འདས་པ་དང་། དགུང་ལོ91རེད། 

ཡོན་ལུང་ཕིང་ནི་རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་དང་འཕེལ་རྒྱས་གཏོང་བའི་གསར་བཏོད་པ་ཡིན་ལ། འཛམ་གླིང་ཐོག་ཆུ་འབྲས་ཀྱི་རྒྱུད་འདྲེས་ལེགས་ཆ་ཐོག་དང་པོར་བེད་སྤྱོད་ལེགས་གྲུབ་བྱུང་བའི་ཚན་རིག་པའང་ཡིན་པས་མི་རྣམས་ཀྱིས་ཁོང་ལ“རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན”ཞེས་བསྔགས་བརྗོད་བྱེད་བཞིན་ཡོད། ཁོང་གིས་སྲོལ་རྒྱུན་གྱི་རྒྱུད་འདེད་རིག་པའི་ལྟ་བ་ལས་བརྒལ་ཏེ1964ལོར་རྒྱུད་འདྲེས་ཆུ་འབྲས་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་། འཛམ་གླིང་ཐོག་ཐེངས་དང་པོར་ནུས་ལྡན་འབབ་མང་གི་རྒྱུད་འདྲེས་ཆུ་འབྲས་ཀྱི་རིགས“ནན་ཡིའུ་ཨང2པ”གསོ་འདེབས་བྱས། རྒྱུད་འདྲེས་ཆུ་འབྲས་ཀྱི་གྲུབ་འབྲས་དེ1976ལོ་ནས་བཟུང་རྒྱལ་ཡོངས་སུ་རྒྱ་ཆེན་པོའི་སྒོ་ནས་ཁྱབ་སྤེལ་བཀོལ་སྤྱོད་བྱས་པས། ཆུ་འབྲས་ཀྱི་ཐོན་ཚད་ཚད་མཐོན་པོའི་སྒོ་ནས་ཇེ་མཐོར་ཕྱིན། 

微信图片_20210526094056.jpg

ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང“ཀྲུང་གོའི་མཆིན་མཁྲིས་ཕྱི་ནད་འཇོམས་པའི་ཡབ་ཆེན”ཝུའུ་མེང་ཁྲའོ་ཚེས22ཉིན་སྐུ་གཤེགས་པ་དང་དགུང་ལོ99རེད། 

ཝུའུ་མེང་ཁྲའོ་ནི1992ལོར་ཧྥུའུ་ཅན་ཞིང་ཆེན་གྱི་མིན་ཆིན་རྫོང་དུ་འཁྲུངས་བ་དང་། ལོ་ངོ78རིང་སྨན་བཅོས་ཀྱི་ལས་ལ་ཞུགས། དགུང་ལོ་དགུ་བཅུར་སོན་ནའང་སྒོ་བསྟེན་ཁང་དང་བཤགས་བཅོས་ཁང་། ནད་པའི་མདུན་དུ་ལས་གནས་བརྟན་སྲུང་གིས་སྨན་བཅོས་ཀྱི་ལས་ལ་མ་བྲལ་བར་ཡོད། 2005ལོར་ཁོང་ལ་རྒྱལ་ཁབ་ཆེས་མཐོའི་ལག་རྩལ་བྱ་དགའ་ཐོབ་པ་དང་། རང་རྒྱལ་གྱི་མཆིན་མཁྲིས་ཕྱི་ནད་སྨན་བཅོས་ཐད་ཀྱི་གསར་གཏོད་པ་དང་གསར་འབྱེད་མཁན་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།