ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་གཤེགས་དཔའ་བོའི་ཁྱིམ་མི་སྔོན་ལ་འགྲུལ་སྐྱེལ་རླངས་འཁོར་དང་གྲུ་གཟིངས་སུ་བསྡད་ཆོག

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས25ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། རྗེས་ཕྱོགས་སུ་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་དམག་མིའི་ཁྱིམ་མི། ནད་ཀྱིས་འདས་བའི་དམག་མིའིི་གཉེན་ཉེ་སོགས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་སྔོན་ལ་འགྲུལ་སྐྱེལ་རླངས་འཁོར་དང་གྲུ་གཟིངས་སུ་བསྡད་ཆོག་ཅིང་། དེ་དང་མཉམ་དུ་ཕྱིར་བསྐྱོད་བཞིན་པའི་ཁྱིམ་མིས་དམིགས་བསལ་གྱི་ཞབས་ཞུ་འདི་ལོངས་སུ་སྤྱད་ཆོག 

“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཕྱིར་བསྐྱོད་པའི་ཐོབ་སྣང་མཐོར་འདེགས་སུ་གཏོང་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉེ་སྔོན《སྔར་ལས་ལྷག་པའི་སྒོ་ནས་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཕྱིར་བསྐྱོད་པའི་ཞབས་ཞུ་འགན་སྲུང་སྐོར་གྱི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། འགྲུལ་སྐྱེལ་རླངས་འཁོར་དང་གྲུ་གཟིངས་དུ་སྔོན་ལ་བསྡད་ཆོག་པ་གསལ་བོར་བྱས།

བརྡ་སྦྱོར་ལས། རིམ་པ་གཉིས་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་གཙོ་གནད་འགྲུལ་བའི་འཁོར་སྒུག་ཁང་དུ་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཁོར་སྒུག་ཞབས་ཞུ་མཁོ་འདོན་བྱེད་པ་དང་། རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དང་གྲུ་ཁའི་འགྲུལ་སྐྱེལ་ས་ཚིགས་ཀྱིས་རང་སྟེང་གི་ཆ་རྐྱེན་ལྟར་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཁོར་སྒུག་ཞབས་ཞུ་མཁོ་འདོན་བྱེད་དགོས་ལ། ས་གནས་སོ་སོས་བརྩི་བཀུར་དང་ཡུལ་བབ་དང་བསྟུན་པ། གང་ནུས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པར་སྐུལ་མ་བྱས་ཏེ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དེ་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་གྱི་དམིགས་བསལ་ཞབས་ཞུ་ཁྲོད་བླངས་ནས།དམིགས་བསལ་སྲིད་ཇུས་གཏན་འབེབ་བྱེད་པ་དང་། ཧུར་ཐག་གིས་དྲ་ཐོག་དུས་བཅད་རླངས་འཁོར་གཏོང་མཁན་སྟེགས་བུ་ཀུང་སིས་ལག་རྩལ་བྱེད་ཐབས་སྤྱོད་པར་སྣེ་ཁྲིད་ནས། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་མངགས་ཐོར་སྔོན་ལ་ཞབས་ཞུ་མཁོ་འདོན་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུས་འགུལ་བསྐྱོད་སྟབས་མི་བདེ་བའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བདེ་འཇགས་དང་སྟབས་བདེ་ངང་ཕྱིར་བསྐྱོད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།