ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4རིང་གསར་བསྣོན་གློག་འདོན་སྒྲིག་ཆས་ཀྱི་ཤོངས་ཚད་སྟོང་ཝ་ཁྲི2972ཡིན་པ་དང་མུ་མཐུད་དུ་བཙོག་མེད་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་མངོན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་རྒྱལ་ཁབ་ནུས་ཁུངས་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ4བའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གློག་འདོན་སྒྲིག་ཆས་ཀྱི་ཤོངས་ཚད་དུང་ཕྱུར་སྟོང་ཝ22.3ཡིན་པ་དང་དུས་མཉམ་ལས9.5%འཕར། དེའི་ཁྲོད། རླུང་ནུས་གློག་འདོན་སྒྲིག་ཆས་ཀྱི་ཤོངས་ཚད་དུང་ཕྱུར་སྟོང་ཝ2.9ཡིན་ཞིང་དུས་མཉམ་ལས34.6%འཕར། ཉི་འོད་ནུས་པའི་གློག་འདོན་སྒྲིག་ཆས་ཀྱི་ཤོངས་ཚད་དུང་ཕྱུར་སྟོང་ཝ2.6ཡིན་ཞིང་། དུས་མཉམ་ལས24.3%འཕར་བ་དང་། མུ་མཐུད་དུ་བཙོག་མེད་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་མངོན། ཟླ1པོ་ནས་ཟླ4བའི་བར། རྒྱལ་ཡོངས་སུ་གསར་བསྣོན་གློག་འདོན་སྒྲིག་ཆས་སྟོང་ཝ་ཁྲི2972ཡིན་པ་དང་། དེ་ན་ནིང་གི་དུས་མཉམ་ལས་སྟོང་ཝ་ཁྲི963ཇེ་མང་དུ་བཏང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།