ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཉིང་ཞ་རུ་བརྟག་ཞིབ་གནང་སྐབས་དུས་རབས་གསར་བའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉིང་ཞ་རུ་བརྟག་ཞིབ་གནང་།  ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཉིང་ཞའི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྒྱབ་ལྗོངས་ཆེ་ཤོས་ཡིན་པར་ངོས་འཛིན་གསལ་པོ་བྱེད་དགོས་ལ། མི་རིགས་སོ་སོ་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་འཐབ་ཇུས་ལས་འགན་དུ་བརྩི་དགོས། ས་ཁོངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་སོགས་དོན་དངོས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་བསྒྱུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་གནས། སྦྲེལ་གནས། ཤུགས་འདོན་གནས་བཅས་ཚན་རིག་དང་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་གང་མགྱོགས་ངང་བཙུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་མི་རིགས་གཅིག་ཀྱང་རྫེས་སུ་མི་ལུས་པར་ཁག་ཐེག་བྱེད་དགོས། 

པར་འདི་ནི་ཚེས17ཉིན་ཝང་དབྱང་གིས་མང་ཚོགས་ཀྱི་ཁྱིམ་དུ་གཟིགས་ཞིབ་གནང་ཞིན་པའི་ཚུལ་རེད། 

ཚེས17ཉིན་ནས་ཚེས19ཉིན་བར། ཝང་དབྱང་གིས་བརྟག་ཞིབ་ཚོ་ཆུང་གི་སྣེ་ཁྲིད་དེ་ཉིང་ཞ་རུ་སླེབས་པ་དང་། དེ་ནས་ཚོ་ཆུང3ལ་བགོས་ནས་དབྱིན་ཁྲོན་དང་ཝུའུ་ཀྲུང་སོགས་ཀྱི་གྲོང་གསེབ་དང་སྡེ་ཁུལ། ལས་ཁུངས། སློབ་གྲྭ ཁེ་ལས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ཏེ། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ཉེ་བར་བཅར་ནས་གླེང་མོལ་གནང་བ་དང་།  བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ལས་དོན་སྙན་ཞུར་གསན་པ་རེད། ཝང་དབྱང་གིས་བསྟན་དོན། མི་རིགས་ཆོས་ལུགས་ལས་དོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་གཏིང་ཟབ་ཡོད། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པ་བཅས་ནི་མི་རིགས་ས་ཁུལ་གྱི་འགན་འཁྲི་འཁུར་ཡུལ་དང་བྱས་རྗེས་འཇོག་ཡུལ་རེད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་འཛིན་པ་དང་། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱེད་དགོས། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་བར་གྱི་འབྲེལ་བ་ཁོང་དུ་ཆུད་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་སོ་སོས་ཐུན་མོང་ཐོག་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་འགྲོ་འོང་དང་འབྲེལ་འདྲིས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། ཆོས་ལུགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་ཤུགས་རྐྱེན་ཡང་དག་པར་ཁོང་དུ་ཆུད་དགོས། ཆོས་ལུགས་སྡེ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས།

པར་འདི་ནི་ཚེས18ཉིན། ཝང་དབྱང་གིས་ལས་དོན་མི་སྣ་དང་གླེང་མོལ་བྱེད་བཞིན་པའི་ཚུལ་རེད། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་རྨང་གཞི་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བའི་འགན་ལེན་གལ་ཆེན་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་གོ་སྐབས་དམ་འཛིན་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་བྱེད་ཐབས་ལ་འགྱུར་ལྡོག་གཏོང་བ། བློ་བརྟན་འགྱུར་མེད་ངང་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཡར་བརྩོན་གྱི་སྒུལ་ནུས་གསར་གཏོད་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ། ཐོན་ལས་གྲུབ་ཆ་དེ“གཙོ་བོ”དང“ནུས་པར”བརྟེན་པ་དང་། ནུས་རྒྱུའི་གྲུབ་ཆ“རྡོ་སོལ་གཅིག་པོར་བརྟེན་པའི”རྣམ་པ། ཐཱན་འབུད་ཚད་ཅུང་མཐོ་བ་བཅས་ཀྱི་གནས་བབ་ལ་འགྱུར་ལྡོག་བཏང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡག་པོ་བསྲུངས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྔར་བས་རྒྱུན་མཐུད་དང་སྔར་བས་བདེ་འཇགས་ཡོང་བར་བྱེད་དགོས། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་མི་འབོར་གྱི་ལས་ཞུགས་ལས་གནས་རྒྱ་ཆེར་གཏོང་བ། ལས་རིགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བ། ཤར་ནུབ་རོགས་ལས་དང་གནས་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བར་རོགས་རམ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ། མཐུན་སྒྲིལ་ཟབ་གཏོང་བཅས་ཀྱི་ཐད་ལ་དོན་འཁྱོལ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།