ཀྲུང་གོ་བོད་ཀྱི་དྲ་བ།

མིག་སྔར་རང་རྒྱལ་གྱི་གྲོང་གསེབ་ཏུ་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་པའི་མི་སྣའི་ལས་ཞུགས་བྱེད་ཚད་ཁྲི860ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར་རང་རྒྱལ་གྱི་གྲོང་གསེབ་ཏུ་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་པའི་མི་སྣའི་ལས་ཞུགས་བྱེད་ཚད་ཁྲི860ལས་བརྒལ་ཞིང་། ལོ་རེར་ཕལ་ཆེར་དབང་པོ་སྐྱོན་ཅན་ཁྲི40ལྷག་སྲིད་གཞུང་གི་ཁ་གསབ་ལས་རིགས་ཀྱི་གསོ་སྐྱོང་ལས་གཞི་ནང་ཞུགས་ཡོད། འདི་ནི་གསར་འགོད་པས་ཟླ5པའི་ཚེས16ཉིན་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གཉིས་ཀྱིས་སྒྲུབ་པའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བརྗོད་དོན་བྱ་འགུལ་ཐོག་ནས་ཤེས་རྟོགས་བྱུང་བ་རེད།

རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས16ཉིན་ནི་ཐེངས་སོ་གཅིག་པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་རེད། ཉིན་དེར་པེ་ཅིང་དུ་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཞབས་ཞུ་དང་འཇོན་མི་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། འདི་ནི་ཐེངས་འདིའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོའི་བརྗོད་དོན་བྱ་འགུལ་གྱི་ནང་དོན་གཅིག་ཀྱང་རེད།

བྱ་འགུལ་སྤེལ་ཡུལ་ནས་མིག་སྔའི་དཔང་པོ་སྐྱོན་ཅན་གྱི་ལས་ཞུགས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལས་ཞུགས་གསར་གཏོད་ཀྱི་དྲ་རྒྱའི་ཞབས་ཞུ་སྟེགས་བུ་བརྒྱུད་དེ་རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་སྡེ་ཁག་དང་སྤྱིི་ཚོགས་ཀྱི་རོགས་སྐྱོར་རྩ་འཛུགས། ཁེ་ལས་ཚོགས་པ་བཅས་ཀྱིས་བརྗོད་དོན་དང་འབྲེལ་བའི་དབང་བོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་སྔོན་ཐོན་ཉམས་མྱོང་དང་ལས་ཞུགས་གསར་གཏོད་ཀྱི་སྔོན་ཐོན་མཉམ་མྱོང་ཐད་བསམ་བློ་བརྗེ་རེས་དང་། དྲ་སྟེང་དང་ཡུལ་དངོས་ནས་ལས་རྐང་འཚོལ་བའི་ཚོགས་འདུ་སོགས་བཀོད་སྒྲིག་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།