ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི《རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་ཚོགས་ཆེན་སྟེང་གི་གསུང་བཤད》དབྱིན་སྒྱུར་དེབ་རྐྱང་མ་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་གླིང་གིས་ལོ་ཙཱ་བྱས་པའི་ཞི་ཅིན་ཕིང་གི《རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་ཚོགས་ཆེན་སྟེང་གི་གསུང་བཤད》དབྱིན་སྒྱུར་དེབ་རྐྱང་མ་ཉེ་དུས་ཀྲུང་དབྱང་སྒྲིག་བསྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི《རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་ཚོགས་ཆེན་སྟེང་གི་གསུང་བཤད》ནང་དབུལ་ཐར་འགག་སྒྲོལ་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་དང་། དབུལ་ཐར་འགག་སྒྲོལ་བྱ་བར་གྲུབ་འབྲས་རླབས་ཆེན་བླངས་པ་གདེང་འཇོག་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ངོ་མཚར་ལམ་བུ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་གཏིང་ཟབ་སྒོས་སྤྱི་བསྡོམས་དང་རླབས་ཆེ་བའི་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ལ་གསལ་འགྲེལ་བྱས་སྟབས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་བྱ་བ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་རེ་བ་གསལ་བོ་བཏོན། གསུང་བཤད་གལ་ཆེན་འདིའི་དབྱིན་སྒྱུར་དེབ་རྐྱང་མ་པར་འགྲེམ་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་དབུལ་འཕྲི་ལས་དོན་ཐད་གྲུབ་འབྲས་མི་དམན་པ་བླངས་པར་རྒྱུས་ལོན་དང་། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་སྐྲུན་པར་ཀྲུང་གོའི་ནུས་ཤུགས་འདོན་པར་བྱས་རྗེས་འཇོག་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་འཕྲི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་ཕོངས་འགོག་པའི་གཞུང་ལུགས། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་ཕུགས་འདུན་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།