ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིང་ཕིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       མི་དམངས་དྲ་བའི་གློག་འཕྲིན་ལྟར། ཚེས12ཉིན་གྱི་ཕྱི་དྲོར། ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་ལ་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་སྔ་གཞུག་ཏུ་དབྱི་ཧྲིན་ཚུ་དང་ནན་དབྱང་ཡའོ་དབྱི་པའོ་སྤྲ་བའི་ཐོན་རྫས་ཚད་ཡོད་ཀུང་སིར་ཕེབས་པ་དང་། ཀྲུང་ལུགས་གསོ་རིག་གི་འཕེལ་རྒྱས་དང་ སྤྲ་བའི་ ཐོན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཞི་ཅིང་ཕིང་གིས་གསུངས་རྒྱུར། སྔོན་ཆད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ནང་ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་ནད་པ་སྐྱོབ་བཅོས་བྱས་པ་རེད། ལྷག་པར་དུ་པྲོག་གསར་རིམས་ནད་དང་ས་སི་གློ་ཚད་སོགས་རིམས་ནད་ཚབས་ཆེན་ལ་ཁ་གཏད་འཇལ་བའི་སྐབས་སུ། ཀྲུང་ལུགས་གསོ་རིག་གི་བྱེད་ནུས་ལ་ངོས་ཟིན་ཟབ་མོ་ཐོབ་ཡོད། ང་ཚོས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཚན་རིག་གིས་ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་ལ་འགྲེལ་བཤད་གང་ལེགས་བྱས་ནས། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་དུ་འབྲེལ་བའི་ལམ་བུར་བསྙེག་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།