ཀྲུང་གོ་བོད་ཀྱི་དྲ་བ།

“ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་སྐུད་ཐོག་དྲིས་ལན”གྱི་གླེང་མོལ་ཐད་གཏོང་ལ་སྤྱི་ཚོགས་སྟེང་གདེང་འཇོག་ལེགས་པོ་ཐོབ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས21ཉིན་ནས་ཟླ5བའི་ཚེས11ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུལས་ཁང་གིས“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”སློབ་སྦྱོང་སྟེགས་བུའི་སྟེང་། སྔ་གཞུག་ཏུ“ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་སྐུད་ཐོག་དྲིས་ལན”ཀྱི་རིམ་སྟར་གླེང་མོལ་ཐད་གཏོང་ཐེངས8རྩ་འཛུགས་བྱས། ཟླ5བའི་ཚེས12ཉིན་གྱི་དུས་ཚོད12སྟེང་ །མི་ཁྲི2800ལྷག་གིས་ཡུལ་དངོས་ཐད་གཏོང་ལ་བལྟས་ཤིང་། ཀློག་པ་པོ་ཁྲི310ལྷག་གིས་སྐད་བཞག་པ་དང་། དཔེ་ཀློག་བྱེད་ཚད་མི་ཐེངས་དུང་ཕྱུར1.7་སླེབས་ཤིང་། མོས་རྡེབ་བྱེད་ཚད་ཁྲི570ལ་སླེབས།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་ཆེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཆེད་མཁས་པ་གདན་དྲངས་ཏེ། ཀློག་པ་པོའི་བླང་བྱ་ལྟར་གནད་དོན130ལེགས་སྒྲིག་བྱས་ཏེ། ཟླ4བའི་ཚེས9ཉིན“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”སློབ་སྦྱོང་སྟེགས་བུ་ནས་ཁྱབ་བསྒྲགས་བྱས་པར་གདེང་འཇོག་ཆེན་པོ་ཐོབ།ཟླ4བའི་ཚེས21ཉིན་ནས་བཟུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་། ཀྲུང་དབྱང་ཏང་གི་སློབ་གྲྭ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་མི་དམངས་སློབ་ཆེན། ཐེན་ཅིན་སློབ་ཆེན་སོགས་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་ཆེད་མཁས་པ24ཡིས་ཡུལ་དངོས་ནས་དྲིས་ལན་བཏབ། ཀློག་པ་པོ་ཁ་ཤས་ཀྱིས་བཤད་རྒྱུར། ཐད་གཏོང་བྱ་འགུལ་གྱིས་གྲངས་འཛིན་ཅན་གྱི་འགྲེལ་བརྗོད་བྱས་ཏེ། པར་རིས་དང་བརྙན་རིས་ཀྱི་ལམ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཡི་གེ་རྐྱང་བ་ནས་མཉམ་འདྲེས་སྨྱན་སྦྱོར་དུ་རིམ་འཕར་བྱས་ཤིང་། དེས་འགུག་ཤུགས་ཆེ་རུ་བཏང་ཡོད་ཟེར།

ཤེས་གསལ་བྱུང་བ་ལྟར་ན། རིམ་སྟར་བཅར་འདྲིའི་ཐད་གཏོང་གི་ཕྱིར་གཏོང་དང་གནད་དོན་རེ་རེའི་བརྙན་རིས་ཕྱིར་གཏོང་ཚང་མ“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ”ཞེས་པའིAppསྤྱོད་སྣེའི་འོས་སྦྱོར་འཕྲིན་ལམ་དངPCསྤྱོད་སྣེའི“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་མཁས་པའི་སྐུད་ཐོག་དྲིས་ལན་འདེབས་པའི”ཆེད་དོན་སྟེང་བཞག་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།