ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལ་ཆི་ཀེ་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5པའི་ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལ་ཆི་ཀེ་དང་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨེ་ཅིབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལ་ཆི་ཀེ་དང་མཇལ་འཕྲད་གནང་། 

ཝང་དབྱང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སའེ་ཤིས་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨེ་བར་གྱི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པར་སྣེ་ཁྲིད་བྱས། ད་ལོ་ནི་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་པས། ཀྲུང་གོས་ཨེ་ཅིབ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས། རིམས་ནད་འགོག་སྲུང་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨེ་ཅིབ་ཀྱི་གྲོས་ཁང་གོང་མའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་ཀྲུང་ཨེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། 

ཨ་པུའུ་ཏུའུ་ལ་ཆི་ཀེས་བསྟན་དོན། ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་ནས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐའེ་ཝན་དང་ཞིན་ཅང་། ཤང་ཀང་སོགས་དང་འབྲེལ་བའི་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཨེ་ཅིབ་ཀྱི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་འདྲིས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ལི་པིན་དང་ཧྲའོ་ཧུང་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།