ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམས་ནད་འགོག་བཅོས་ཀྱི་གནས་ཚུལ་གསར་བ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་གཏན་ཁེལ་བྱས་པའི་ནད་པ་བཅུ་གཉིས་ཡོད་པ་དང་། དེ་ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་པ་ཡིན་ལ། སྨན་བཅོས་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་ནད་རྟགས་མི་མངོན་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བཅུ་ཇེ་མང་དུ་སོང་ཡོད། ཟླ་ལྔ་བའི་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ། གཏན་ཁེལ་བྱས་པའི་ནད་པ་སུམ་བརྒྱ་ཡོད་པ་དང་། ཟླ་ལྔའི་ཚེས་བརྒྱད་ཉིན་བར། ས་ཆ་སོ་སོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་པའི་མི་གྲངས་བསྡོམས་པས་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བདུན་འབུམ་ལྔ་ཁྲི་བརྒྱད་དང་སྟོང་གཅིག་ལ་སླེབས། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།