ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་སྐབས་སུ་དྲ་རྒྱ་དང་དངུལ་ཁང་སྦྲེལ་དྲའི་ཉོ་ཚོང་སྒོར་ཁྲག་ཁྲིག་ཆེན་མོ6.97སླེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་དྲ་རྒྱའི་ཞིབ་རྩིས་ཚད་ཡོད་ཀུང་སི་དང་ཀྲུང་གོའི་དངུལ་ཁང་བྱང་བུའི་མཉམ་འབྲེལ་རྩ་འཛུགས་ནས་ཤེས་གསལ་བྱུང་བ་ལྟར་ན།ཟླ5པའི་ཚེས1ཉིན་ནས་ཚེས5བར། དྲ་རྒྱ་དང་དངུལ་ཁང་བྱང་བུའི་མཉམ་འབྲེལ་རྩ་འཛུགས་ཀྱིས་དྲ་རྒྱའི་རྩིས་སྤྲོད་ལས་གཉེར་སྒོར་ཁྲག་ཁྲིག་ཆེན་མོ6.97ཐག་གཅོད་བྱས་ཤིང་། དུས་མཉམ་གྱི་ཟིན་ཐོ་གསར་བ་སྐྲུན། 

ཚེས1ཉིན་ནས་ཚེས5ཉིན་བར། དྲ་རྒྱའི་མཉམ་འབྲེལ་སྟེགས་བུས་ཁྱོན་བསྡོམས་མ་དངུལ་རིགས་ཀྱི་སྡེ་ཁག་བརྒལ་བའི་དྲ་རྒྱའི་རྩིས་སྤྲོད་ཉོ་ཚོང་སྒོར་དུང་ཕྱུར85.32ཐག་གཅོད་བྱས་པ་དང་། མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ5.06ཡིན་ཞིང་། ཉིན་རེའི་ཆ་སྙོམས་ཀྱི་དངུལ་གྲངས་དང་མ་དངུལ་གྱི་བསྡུར་ཚད་དུས་མཉམ་ལས26.07%དང46.48%འཕར་ཞིང་། ཉོ་ཚོང་ཧྲིལ་བོའི་གཞི་གྲངས2019ལོ་ལས་མངོན་གསལ་གྱིས་འཕར་བ་དང་། དུས་མཉམ་གྱི་ཟིན་ཐོ་གསར་བ་སྐྲུན།

ཚེས1ཉིན་ནས་ཚེས5ཉིན་བར། དངུལ་ཁང་བྱང་བུའི་མཉམ་འབྲེལ་རྩ་འཛུགས་ཀྱི་ཉོ་ཚོང་དངུལ་གྲངས་སྒོར་ཁྲག་ཁྲིག་ཆེན་མོ1.91ཡིན་པ་དང་། སྤྱི་གྲངས་དང་ཉིན་རེའི་ཆ་སྙོམས་ཀྱི་གྲངས་ཀ་དུས་མཉམ་ལས་ཟིན་ཐོ་གསར་བ་སྐྲུན། APPཉོ་ཚོང་གྲངས་ཀ་དང་དངུལ་གྲངས་དུས་མཉམ་ལས18.5%དང46.9%འཕར་ཞིང་། གནས་སྐོར་སྟེགས་བུའི་དངུལ་ཁང་བྱང་བུའི་མཉམ་འབྲེལ་རྩ་འཛུགས་ཀྱི་ཉོ་ཚོང་གྲངས་ཀ་ལས་དུས་མཉམ་གྱི550%དང་། དངུལ་གྲངས་དུས་མཉམ་ལས613%འཕར།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།