ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་སན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་ཞི་ཅིན་ཕིང་དང་སན་མ་རི་ནོའི་སྲིད་སྐྱོང་དཔོན་གྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སན་མ་རི་ནོའི་སྲིད་སྐྱོང་དཔོན་ཝུན་ཐུའུ་ལི་ཉི་དང་ཉི་ཁོ་ལི་ཉི་ལ་ཀྲུང་སན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། དུས་རབས་ཕྱེད་ཀ་ཙམ་རིང་། ཀྲུང་སན་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་ཕྱིན་ནས་ལམ་ལུགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་དཔེ་མཚོན་སྐྲུན་ཡོད། ངས་སྐུ་ཞབས་སྲིད་སྐྱོང་དཔོན་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་དང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་སན་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་འདོད་ཡོད། 

ཝུན་ཐུའུ་ལི་ཉི་དང་ཉི་ཁོ་ལི་ཉིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། སན་ཀྲུང་བར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གཅིག་སེམས་གཅིག་གཏད་དང་མཉམ་ལས་དམ་ཟབ་བྱས་ཤིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྟ་སྟངས་ཟོལ་མེད་བཟུང་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར་དྲན་གསོ་ཞུས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་པར་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།