ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་བེད་པུའུ་ཡིས་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་སྤེལ་ནས་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲིམས་འགལ་ངང་ཆུ་ལེན་པར་རྡུང་རྡེག་ཚ་ནན་བཏང།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་ཆུའི་ཐོན་ཁུངས་གནད་དོན་དེ་རྒྱལ་སའི་ཆུའི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་ལ། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འབྲེལ་བ་དམ་ཟབ་ཡོད། ཉིན་འགའི་སྔོན། ཆུ་བེད་པུའུ་ཡིས《པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་བྱ་བའི་ཇུས་གཞི》པར་འགྲེམས་བྱས་ནས། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱིས་ཆུའི་ཐོན་ཁུངས་ཀྱི་དོ་དམ་འགན་འཁྲི་སྔར་བས་ཇེ་ནན་དུ་བཏང་སྟེ་ཁྲིམས་འགལ་ངང་ཆུ་ལེན་པ་དང་སྤྱོད་པ་སོགས་ཆུའི་ཐོན་ཁུངས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཁྲིམས་བསྟར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆུའི་ཐོན་ཁུངས་ཀྱི་དོ་དམ་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་པར་བླང་བྱ་བཏོན། 

ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་དེ་ཆུ་བེད་པུའུ་ཡིས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ་དང་། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན་རིམ་པའི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་རྩ་འཛུགས་དང་ལག་བསྟར་བྱེད་འགན་ཁུར། མཚོ་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཁྲིམས་བསྟར་བྱ་སྤྱོད་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་འགན་ཁུར། ཁྲིམས་བསྟར་གྱིས་ཆོག་མཆན་མ་ཐོབ་པར་རང་དགར་ཆུ་ལེན་པ་དང་། ཆོག་མཆན་ཐོབ་པའི་ཆུ་ལེན་འཐུས་ཀྱི་གཏན་འབེབས་ཆ་རྐྱེན་ལྟར་ཆུ་མ་བླངས་པ། གཏན་འབེབས་ལྟར་ཚད་འཇལ་སྒྲིག་བཀོད་མེད་པ་དང་ཚད་འཇལ་སྒྲིག་བཀོད་སྒྲིག་སྦྱོར་ཚད་ལྡན་མིན་པའམ་བེད་སྤྱོད་རྒྱུན་ལྡན་མིན་པ། ཆུ་ལེན་སྙན་ཞུའི་ཆོག་མཆན་ཡིག་ཆ་དང་ཆུ་ལེན་ཆོག་འཐུས་ཀྱི་ལག་ཁྱེར་རྫུན་བཟོ་དང་བསུབ་བཅོས། རྫུས་སྤྱོད་བཅས་བྱེད་པ་དང་། ཆུའི་ཐོན་ཁུངས་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་རིགས་ལ་གཙོ་གནད་ཐོག་ཐག་བཅོད་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།