ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་བར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལྔ་པའི་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཟླ་ལྔ་པའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་དུ་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་ཡོད་པ་ཡར་ཞུ་བྱས་པ་དང་། ཚང་མ་ཕྱི་ནས་མཆེད་པའི་ནད་པ་རེད། ནད་རྟགས་མི་མངོན་པའི་ནད་པ་ཉི་ཤུ་ཡོད། ཟླ་ལྔ་པའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ངོས་བཟུང་བའི་ནད་པ་སུམ་བརྒྱ་ཉེར་ལྔ་ལ་སླེབས། ཟླ་ལྔ་པའི་་ཚེས་གསུམ་ཉིན། ས་གནས་སོ་སོ་ནས་པྲོག་གསར་རིམས་ནད་འགོག་སྨན་ཁྲི་གཉིས་དང་སྟོང་བདུན་དགུ་བརྒྱ་དགུ་བཅུ་ལྷག་བརྒྱབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།