ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་བདུན་པ་དང་ཨང་དོན་བརྒྱད་པ། ཨང་དོན་དགུ་བ། ཨང་བརྒྱད་ཅུ་བ། ཨང་གྱ་གཅིག་པ། ཨང་གྱ་གཉིས་པ། ཨང་གྱ་གསུམ་པ་བཅས་ཀྱི་སྟེང་མཚན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་བདུན་པ་དང་ཨང་དོན་བརྒྱད་པ། ཨང་དོན་དགུ་བ། ཨང་བརྒྱད་ཅུ་བ། ཨང་གྱ་གཅིག་པ། ཨང་གྱ་གཉིས་པ། ཨང་གྱ་གསུམ་པ་བཅས་ཀྱི་སྟེང་མཚན་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་བདུན་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་དར་རྒྱས་སྐུལ་འདེད་བཅའ་ཁྲིམས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་བརྒྱད་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་ཆུད་ཟོས་སུ་གཏོང་བར་འགོག་རྒོལ་བྱེད་པའི་བཅའ་ཁྲིམས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་དོན་དགུ་བ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱད་ཅུ་བ་ལས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་ཁྱབ་ཨང་གྱ་གཅིག་པ་ལས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་ཁྱབ་ཨང་གྱ་གཉིས་པ་ལས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་ཁྱབ་ཨང་གྱ་གསུམ་པ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཆོད་དོན་ལྟར། ཧོང་མེན་འཕྲལ་སྒྲུབ་དོ་དམ་པུའུ་ཡི་པུའུ་ཀྲང་དུ་བསྐོ་འཇོག་བྱས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།