ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཧི་ལྟེ་བའི་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད11ཡས་མས་སུ་བར་སྣང་ས་ཚིགས་ཀྱི་ཐེན་ཧི་ལྟེ་བའི་འཕུར་གྲུ་དབོར་འདྲེན་བྱེད་པའི་རྒྱང་སྐྱོད་ཨང་ལྔ་པའིBཅན་གྱི་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་ནས་མཁའ་དབྱིངས་སུ་འཕགས་ཏེ། ཐེན་ཧི་ལྟེ་བའི་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་སོ་སོར་གྱེས་པ་དང་སྦྲགས་སྔོན་བཀོད་འཁོར་ལམ་དུ་འབྱོར། དེ་རྗེས་ཉི་འོད་ནུས་པའི་གཡོར་གྲུའི་གཤོག་ལེབ་བདེ་བླག་ངང་ལས་ཀ་བྱེད་འགོ་བརྩམས་པས་ཐེངས་འདིའི་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་།

ཐེངས་འདིའི་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ་ནི་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་འཁོར་ལམ་ལྷུ་སྒྲིག་དང་བཟོ་སྐྲུན་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ་མ་ཟད། རྗེས་ཕྱོགས་ཀྱི་ལག་རྩལ་གཙོ་གྲས་རིགས་ལ་ར་སྤྲོད་དང་བར་སྣང་ས་ཚིགས་ཀྱི་སྒྲིག་སྦྱོར་བཟོ་སྐྲུན་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་མཚོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།