ཀྲུང་གོ་བོད་ཀྱི་དྲ་བ།

ཟ་མ་འཕྲོ་བརླག་འགོག་པའི་ཁྲིམས་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་སྟེང་དུ། ཟ་མ་འཕྲོ་བརླག་འགོག་པའི་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། སྤྱི་བསྒྲགས་གི་ཉིན་མོ་ནས་བཟུང་ཁྲིམས་འདི་ལག་བསྟར་བྱ་རྒྱུ་རེད། སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་བཏང་ནས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་ཟ་མ་འཕྲོ་བརླག་འགོག་པར་ད་ནས་བཟུང་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་གྱུར་བ་དང་། འཛད་སྤྱོད་པར་ཟ་མ་མང་པོ་འདེམ་དུ་འཇུག་པའི་ཚུལ་མིན་བྱ་སྤྱོད་ལ་ཆེས་མང་ན་སྒོར་ཁྲི1གི་ཆད་པ་གཅོད་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།