ཀྲུང་གོ་བོད་ཀྱི་དྲ་བ།

རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཟླ4པའི་ཚེས28ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འགྱུར་ལྡོག་འགྲོ་ཚུལ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྱི་རིན་གོང་ལམ་སྲོལ་ལ་གཞིགས་ན།  2021ལོའི་ཟླ4བའི་ཚེས28ཉིན་གྱི་དུས་ཚོད24ནས་བཟུང་།  རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར100དང་སྒོར95འཕར་ཡོད་ཅེས་བཤད། 

ཐེངས་འདིའི་རིན་གོང་སྙོམས་སྒྲིག་བྱས་རྗེས་ཧྲེང1གི་སྟེང་ཧ་ལམ་དངུལ་སྐར8ཙམ་འཕར་ཡོད་པ་དང་།   ཧྲེང40ཅན་གྱི་སྣུམ་སྒམ་ཤོང་ཚད་ལྟར་རྩིས་ན།  སྣུམ་སྒམ་གང་བླུགས་ན་སྒོར4འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།