ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པའི་ཕན་བདེ་སྡེ་ཁག་གི་ཆེད་ལས་ཞབས་ཞུའི་ལས་རིགས་ཚད་གཞི་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོས་པས་དམངས་སྲིད་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། 《བྱིས་པའི་ཕན་བདེའི་སྡེ་ཁག་གི་ཆེད་ལས་ཞབས་ཞུ་ཚད་གཞི》(གཤམ་དུ་《ཞབས་ཞུ་ཚད་གཞི》དུ་འབོད)ལས་རིགས་ཚད་གཞི་ཉེ་ཆར་དམངས་སྲིད་པུའུ་ཡིས་ཆོག་མཆན་ཐོབ་ནས་ཁྱབ་བསྒྲགས་བྱས། ལས་རིགས་ཚད་གཞི་ཁྱབ་བསྒྲགས་བྱས་པ་དེས་བྱིས་པའི་ཕན་བདེའི་སྡེ་ཁག་གིས་ཆེད་ལས་ཅན་དང་ཚད་ལྡན་ཅན། བྱང་ཚད་མཐོ་བའི་ཕྱོགས་སུ་བསྒྱུར་བཅོས་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེེད་རྒྱུ་ཡིན་པའི《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལས་གཏན་འཁེལ་བྱས་པ་ལྟར་ན། དམངས་སྲིད་སྡེ་ཁག་གིས་ཁྲིམས་བཀོད་ཀྱི་གནས་ཚུལ་དང་མཐུན་པའི་ནར་མ་སོན་པའི་མིར་གནས་སྐབས་སམ་དུས་ཡུན་རིང་བོའི་ལྟ་སྐྱོང་བྱེད་པ་མ་ཟད། ཁྱིམ་ཚང་དུ་བདག་སྐྱོང་དང་། བསྡུ་ལེན་གསོ་སྐྱོང་བྱེད་པ་སོགས་ཀྱི་རྣམ་པས་བདེ་འགོད་བྱེད་དགོས། འདིས་བྱེ་བྲག་གིས་བསྡུ་ལེན་བདག་སྐྱོང་དང་གསོ་གཉོར་འགན་འཁྲི་ཡོད་པའི་བྱིས་པའི་ཕན་བདེ་སྡེ་ཁག་ལ་བླང་བྱ་བཏོན་ཡོད། 《ཞབས་ཞུ་ཚད་གཞི》གྱིས་ཐོག་མར“བདེ་འགོད་ཞབས་ཞུ”ལ་རྟགས་ཚད་བཏོན་པ་མ་ཟད། “ཕན་ཁེ་ཆེས་ཆེ་བའི་རྩ་དོན”དང“གནོད་པ་ཆེས་ཆུང་བའི་རྩ་དོན”གྱི“ཡུན་རིང་གཏན་འཇགས་བདེ་འགོད”ཀྱི་རྩ་དོན་དང་། “གོ་རིམ་ཧྲིལ་བོའི་ཞབས་ཞུའི་རྩ་དོན”བཅས་སྣ4ཡི་ཞབས་ཞུ་རྩ་དོན་གཏན་འཁེལ་བྱས་ཤིང་། སྤྱི་ཚོགས་ལས་སྒྲུབ་པས་བྱིས་པ་རེ་རེར་བདེ་འགོད་ཞབས་ཞུ་སྤེལ་བར་ནང་དོན་གཙོ་བོ་སྤྱི་བསྡོམས་བྱས་ཡོད་པ་དང་། སྤྱི་ཚོགས་བྱ་བའི་ཞབས་ཞུའི་གོ་རིམ་གཅིག་གྱུར་ངང་ཚད་ལྡན་དུ་བཏང་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།