ཞི་ཅིན་ཕིང་གིས་དབྱི་རག་གི་ཙུང་ཐུང་པའར་ཧྭ་མུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རག་གི་སྨན་ཁང་ལ་མེ་སྐྱོན་ཤོར་བའི་དོན་རྐྱེན་གྱིས་མི་སྣ་མང་པོ་ཤི་རྨས་བྱུང་བར་དབྱི་རག་གི་ཙུང་ཐུང་པའར་ཧྭ་མུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་སེམས་ཁོངས་ནས་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་ནང་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།