ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོ་པེ་ཅིང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྥེ་ཡིས་ཕུལ་བའི་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲིག་ཀོང་ཆོན་གྱིས་ཕུལ་བའི་ཟས་རིགས་འཕྲོ་བརླག་ཏུ་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མེན་གྱིས་ཕུལ་བའི་མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུའེ་ཧོས་ཀྱིས་ཕུལ་བའི་སློབ་གསོ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྙན་ཞུ་བཅས་ལ་རིམ་པར་ཉན།

རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གོང་གསལ་འཆར་ཟིན་རིགས་བཞི་བཏོན་པ་ཅུང་གནས་ལུགས་ལྡན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་མོལ་བྱེད་པ་ཆོག་མཆན་འགོད་པར་སྤྲད།

གྲོས་ཚོགས་ལས་ད་དུང་ཞུའེ་ཧོས་ཀྱིས་ཕུལ་བའི་གཞི་གྲངས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གནས་ཚུལ་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཅང་པུས་ཞིན་གྱིས་ཕུལ་བའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་སྐོར་གྱི་བཟོ་བཅོས་འཆར་ཟིན་གནས་ཚུལ་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲོན་ཡའོ་ཡིས་ཕུལ་བའི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གནས་ཚུལ་སྙན་ཞུ། ཅང་པུས་ཞིན་གྱིས་ཕུལ་བའི་ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གནས་ཚུལ་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིའུ་ཅུས་ཞིན་གྱིས་ཕུལ་བའི་དམག་མིའི་གོ་གནས་དང་ཁེ་དབང་ལ་འགན་སྲུང་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གནས་ཚུལ་སྙན་ཞུ་སོགས་ལ་རིམ་པར་ཉན།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་བཅད་ལྟར་དངུལ་བུན་གཏོང་བའི་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་དོན་ལ་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་བསམ་འཆར་བཏོན། ནོར་སྲིད་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུའུ་ཧྲའོ་ཧྲི་ཡིས་གསལ་བཤད་བྱས།

རྒྱལ་ཡོངས་དམངས་ཆེན་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་བསམ་འཆར་བཏོན། ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡ་སུའེ་ཡིས་དེའི་སྐོར་ནས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཚན་པ་དགུའི་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུར་སྤྲོད་རྒྱུའི་བསམ་འཆར་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཐང་དབྱི་ཅུན་གྱིས་དེའི་སྐོར་ནས་གསལ་བཤད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།