ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་“གསར་འགོད་པའི་སློབ་ཁྲིད་ཆེན་མོ”སྤེལ་ནས་གསར་འགྱུར་ལས་རིགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཚེས26ཉིན་སྐབས99པའི“གསར་འགོད་པའི་སློབ་ཁྲིད་ཆེན་མོ”སྒྲུབ་པ་དང་། རྒྱལ་ཡོངས་ས་གནས་སོ་སོའི་གསར་བརྗེའི་སྙིང་སྟོབས་འགྲེལ་བཤད་པ10གདན་དྲངས་ནས་རྒྱལ་སའི་གསར་འགྱུར་ལས་སྒྲུབ་པར་ཏང་གི་ལོ་རྒྱུས་གཏམ་རྒྱུད་བཤད་པ་དང་། གསར་འགྱུར་ལས་རིགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི“གསར་འགོད་པའི་སློབ་ཁྲིད་ཆེན་མོར”ཕེབས་པའི་འགྲེལ་བཤད་པ10ནི་རྒྱལ་ཡོངས་གསར་བརྗེའི་སྙིང་སྟོབས་འགྲེལ་བཤད་པའི་འགྲན་བསྡུར་ཁྲོད་ཀྱི་ཕུལ་བྱུང་འགྲན་ཞུགས་པ་དག་ཡིན། འགྲེལ་བཤད་པ་ཚོས་བརྩེ་བ་ཟབ་མོས་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན།བཅོས་བསྒྱུར་བྱས་པའི་རླབས་ཆེའི་ལག་ལེན་གྱི་གཏམ་རྒྱུད་ཞིབ་བརྗོད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་ཏང་ཆེན་པོ་དང་། རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པའི་འབད་བརྩོན་གོ་རིམ་མངོན་པར་མཚོན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་གཉེར་བ་དང་། མི་རིགས་ཀྱི་ཆེད་དུ་བསྐྱར་དར་བརྩོན་པའི་ཐོག་མའི་བསམ་འདུན་མཚོན་པར་བྱས་ནས། ཏང་གི་ལོ་བརྒྱའི་དཀའ་སྡུག་གི་རླབས་ཆེའི་སྙིང་སྟོབས་ལ་འགྲེལ་བཤད་གནང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།