ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་མཚོ་དམག་གི་དམག་གྲུ་གཙོ་བོ་གསུམ་ཀྱི་གཅིག་བསྡུས་སྤྲོད་ལེན་གྲལ་ཞུགས་བྱེད་སྒོར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཨང18པའི་དམག་གྲུ་ལ་དམག་དར་གནང་བ་དང་མིང་བཏགས་དཔང་ཡིག་གནང་བཞིན་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། མཚོ་དམག་གི་དམག་གྲུ་གཙོ་བོ་གསུམ་སྟེ། རྒྱང་སྐྱོད་ཨང18པའི་དམག་གྲུ་དང་ཏ་ལེན་དམག་གྲུ། ཧའེ་ནན་དམག་གྲུ་གསུམ་ཧའེ་ནན་སན་ཡཱ་ཡི་དམག་ཁོངས་གྲུ་ཁ་ཞིག་ཏུ་གཅིག་བསྡུས་ངང་སྤྲོད་ལེན་གྲལ་ཞུགས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྲོད་ལེན་གྲལ་ཞུགས་ཀྱི་བྱེད་སྒོར་ཞུགས། 

ཟླ་བ་བཞི་པའི་སན་ཡཱའི་ནམ་མཁའ་གཡའ་དག་ཅིང་རྒྱ་མཚོར་མུ་མཐའ་མེད། ཉི་འོད་དྲོ་ཞིང་རླུང་བུ་འཇམ། དམག་ཁོངས་གྲུ་ཁ་རུ་དམག་གྲུ་གཙོ་བོ་གསུམ་གྲལ་སྒྲིག་ཡོད། མཚོ་དམག་གི་ཆེས་མཐོའི་གུས་ལུགས་ལྟར་དར་ཆ་བཀལ་ཞིང་། མཚོ་དམག་དཔུང་སྡེ་དང་དམག་གྲུའི་ཚན་ཞིབ་ཐོན་སྐྱེད་ཚན་པའི་འཐུས་མི2400ཡིས་གྲུ་ཁར་གྲལ་སྟར་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱེད་ཀྱིན་ཡོད།   

2.jpg

འདི་ནི་ཞི་ཅིན་ཕིང་གིས་ཏ་ལེན་དམག་གྲུར་དམག་དར་དང་མིང་བཏགས་ལག་ཁྱེར་གནང་བཞིན་པའི་ཚུལ་རེད། 

ཕྱི་དྲོའི་ཆུ་ཚོད3དང་སྐར་མ30སྟེང་། སྤྲོད་ལེན་གྲལ་ཞུགས་མཛད་སྒོ་མགོ་ཚུགས་ཤིང་། ཚང་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ནས་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས། གཟབ་སྦྲེང་གུས་ལུགས་དམག་མིས་བརྒྱད་གཅིག་དམག་དར་དང་མིང་བཏགས་ལག་ཁྱེར་བསྲུངས་ཏེ་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་མིང་བཏགས་ལག་ཁྱེར་དེ་དག་རྒྱང་སྐྱོད་ཨང18པའི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན། ཏ་ལེན་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན། ཧའེ་ནན་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་བཅས་ལ་སོ་སོར་གནང་། དམག་གྲུ་གཙོ་བོ་གསུམ་གྱི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས། ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་བཏགས་ལག་ཁྱེར་བླངས། ཞི་ཅིན་ཕིང་གིས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན། 

3.jpg 

འདི་ནི་ཞི་ཅིན་ཕིང་གིས་ཧའེ་ནན་དམག་གྲུར་དམག་དར་དང་མིང་བཏགས་ལག་འཁྱེར་གནང་བའི་ཚུལ་རེད། 

ཀྲང་ཡིའུ་ཞ་ཡིས་མཛད་སྒོར་མགོ་འཛིན་མཛད་པ་དང་། ཞུའུ་ཆི་ལིང་གིས་དམག་གྲུ་གྲལ་ཞུགས་དང་དམག་གྲུའི་མིང་དང་། དམག་གྲུ་ཡི་ཨང་རྟགས་བཅས་ཁྱབ་བསྒྲགས་གནང་། ཏིང་ཞུའེ་ཞང་དང་ལིའུ་ཧི། ལི་ཙུའོ་ཁྲེང་བཅས་མཛད་སྒོར་ཞུགས། 

 མཛད་སྒོའི་ཐོག་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའེ་ཧྥན་ཕེ་དང་། མཚོ་དམག་གི་ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་གིས་མཛད་སྒོ་ཐོག་སྔ་རྗེས་སུ་གཏམ་བཤད་གནང་། 

གྲལ་ཞུགས་མཛད་སྒོ་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་གླུ་སྒྲའི་ཁྲོད་མཇུག་འགྲིལ། དེ་རྗེས། ཞི་ཅིན་ཕིང་དམག་གྲུ་གསར་པའི་སྟེང་ཕེབས་ནས་དམག་གྲུའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། གོ་མཚོན་སྒྲིག་ཆས་ལ་ལྟ་ཞིབ་གནང་བར་མ་ཟད། དཔོན་དམག་ཚོ་དང་བསམ་བློ་བརྗེ་རེས་བྱས་ཤིང་། མཚོ་སྐྱོད་ཉིན་ཐོའི་སྟེང་གཟབ་ནན་སྒོས་མིང་རྟགས་བཀོད།  

4.jpg

འདི་ནི་ཞི་ཅིན་ཕིང་གིས་དམག་གྲུའི་ཚན་ཞིབ་མི་སྣ་དང་མཚོ་དམག་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བའི་ཚུལ་རེད། 

བྱེད་སྒོའི་རིང་། ཞི་ཅིན་ཕིང་གིས་གྲུ་ཁར་དམག་གྲུའི་ཚན་ཞིབ་ཐོན་སྐྱེད་མི་སྣ་དང་མཚོ་དམག་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཐེངས་འདིའི་སྤྲོད་ལེན་གྲལ་ཞུགས་ཀྱི་དམག་གྲུ་གཙོ་བོ་གསུམ་ལ་སོ་སོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་རྒྱང་སྐྱོད་ཨང18པའི་དམག་གྲུ་དང་དམག་གྲུ་ཡི་ཨང་རྟགས421དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ཏ་ལེན་དམག་གྲུ་དང་དམག་གྲུ་ཡི་ཨང་རྟགས105། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧའེ་ནན་དམག་གྲུ་དང་དམག་གྲུ་ཡི་ཨང་རྟགས31བཅས་ཀྱི་མིང་བཏགས།  

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག མཚོ་དམག་དང་ཧའེ་ནན་ཞིང་ཆེན། དམག་གྲུའི་ཚན་ཞིབ་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་སྤྲོད་ལེན་གྲལ་ཞུགས་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།