ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ3པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན6504ཞིབ་བཤེར་ཐག་གཅོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ4པའི་ཚེས25ཉིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས2021ལོའི་ཟླ3པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་ཕྱོགས་སྡོམ་བྱས་ནས་ཡོངས་བསྒྲགས་བྱས། ཟླ་འདིར་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན6504ཞིབ་བཤེར་ཐག་གཅོད་བྱས་ཤིང་མི9537ལ་སློབ་གསོ་རོགས་རམ་དང་ཐག་གཅོད་བྱས། དེའི་ཁྲོད་མི5855ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

པར་རིས་ཡོངས་ཁུངས་ནི་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཡིན།

གྲངས་གཞི་ལས་མངོན་པ་ལྟར་ན། “འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་ཞབས་འདེགས་ཞུ་བའི་ཐད་འགན་མི་ཐེག་པ་དང་ལས་ཀ་མི་སྒྲུབ་པ། ལས་ཀ་གང་བྱུང་བྱེད་པ། བྱ་སྤྱོད་རྫུན་མ་སྤེལ་བ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས”པར་ཟླ་གསུམ་པའི་ནང་གནད་དོན་འདི་རིགས2539ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་སྤྱི་འབོར་གྱི80.0%ཟིན་ཡོད། སྒྲིག་འགལ་ངང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་འབུལ་རྟེན་ལེན་པ། སྒྲིག་འགལ་ངང་གླ་ཕོགས་ཁ་སྣོན་དང་ཁ་གསབ་མ་དངུལ་སྤྲོད་པ། སྒྲིག་འགལ་ངང་ཟ་འཐུང་བྱེད་པ་བཅས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་ཞིབ་བཤེར་ཐག་གཅོད་བྱེད་པའི་སྤྱི་འབོར་གྱི28.0%དང་། 26.3%། 17.2%བཅས་ཟིན་ཡོད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།