ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་གཅིག་བསྡུའི་དཔེ་སྟོན་བྱ་འགུལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་གཅིག་བསྡུའི་དཔེ་སྟོན་བྱ་འགུལ་དེ་ཚེས24ཉིན་ཧྲའན་ཞི་ཞིང་ཆེན་ཀྲ་ཧྲོས་རྫོང་དུ་སྤེལ་བ་རེད། 

2021ལོའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དེ། ཞིང་ལས་ཞིང་སྡེ་དམིགས་བསལ་གྱིས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་ཀྱིས་བཟོ་ལས་ཀྱིས་ཞིང་སྡེར་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱིས་སྣེ་ཁྲིད་པར་ཤུགས་བསྣན་ཏེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ལ་གཞི་བཅོལ་ནས་ཞིང་སྡེར་ཁ་ཕྱོགས་ཏེ་ཧུར་བརྩོན་གྱིས་རིག་གཞུང་དང་དཔལ་ཡོན། ཞབས་ཞུ། འཇོན་མི་བཅས་བསྐྱལ་བའི་བྱ་འགུལ་སྤེལ་བ་དང་། “གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་མུ་མཐུད་དུ་ཞིང་བའི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད། ཤང་གྲོང་དཔལ་ཡོན་གྱི་ཚད་གཞི་བཅས་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་སྙིང་སྟོབས་ནུས་པ་ཇེ་ཆེར་གཏོང་བ་གཉིས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་དང་གསར་དར་བཟོ་ཞིང་ཤང་གྲོང་གི་འབྲེལ་བ་འཛུགས་པར་བསམ་བློའི་སྟོབས་ཤུགས་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།