ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱིས་བསྡོམས་པས་དཔེ་རྙིང་ཐོན་ཁུངས་ཁྲི7.4ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་ཉེར་དྲུག་པ་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་དཔེ་མཛོད་ཁང(རྒྱལ་ཁབ་ཀྱི་དཔེ་རྙིང་སྲུང་སྐྱོང་ལྟེ་གནས)དང་། ཐན་ཅིན་དཔེ་མཛོད་ཁང་། ནན་ཅིང་དཔེ་མཛོད་ཁང་། ཨན་ཧུའེ་ཞིང་ཆེན་དཔེ་མཛོད་ཁང་། ཧུའུ་པེ་ཞིང་ཆེན་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། ཧང་ཀྲོའུ་དཔེ་མཛོད་ཁང་། ཧོ་ནན་ཞིང་ཆེན་ཐང་ཧོ་རྫོང་དཔེ་མཛོད་ཁང་སོགས་སྡེ་ཚན10ཡིས་ཚེས21ཉིན་པེ་ཅིང་དུ་དཔེ་རྙིང་གྲངས་འཛིན་ཐོན་ཁུངས་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས།

ཐེངས་འདིའི་མཉམ་འབྲེལ་སྒོས་གནའ་དཔེའི་ཐོན་ཁུངས་གསར་བ1700ལྷག་ཁྱབ་བསྒྲགས་བྱས་པ་དང་། མིག་སྔར་རྒྱལ་ཡོངས་ཀྱིས་བསྡོམས་པས་དཔེ་རྙིང་ཐོན་ཁུངས་ཁྲི7.4ཁྱབ་བསྒྲགས་བྱས་ཡོད། ཐེངས་འདིར་བོད་ཡིག་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གནའ་དཔེ་རྩ་ཆེན་གྱི་ཐོན་ཁུངས་སྐོར་ཞིག་གསར་དུ་ཁྱབ་བསྒྲགས་བྱས་ཏེ། དཔེ་རྙིང་གི་ཡིག་རིགས་དང་ཐོན་ཁུངས་སྔར་ལས་ཇེ་མང་དུ་བཏང་།

ངོ་སྤྲོད་བྱས་པ་ལྟར་ན། “ཀྲུང་ཧྭའི་དཔེ་རྙིང་སྲུང་སྐྱོང་འཆར་གཞིའི”དུས་རིམ་གལ་ཆེན་གྱི་གྲུབ་འབྲས་ཡིན་པའི་ཆ་ནས“ཀྲུང་ཧྭའི་དཔེ་རྙིང་ཐོན་ཁུངས་དང“རྒྱལ་ཡོངས་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་གཞི་རྩའི་གཞི་གྲངས་མཛོད”2016ལོར་དངོས་སུ་སྤྱོད་མགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་དཔེ་མཛོད་ཁང་གིས་རྒྱུན་མཐུད་ངང་གནའ་དཔེ་ཐོན་ཁུངས་ཁྲི3.3ཁྱབ་བསྒྲགས་བྱས་པ་དང་། 2/3ལས་བརྒལ་བའི་བཤམས་སྟོན་ཁང་གི་གནའ་དཔེ་རྩ་ཆེན་དྲ་ཐོག་ནས་གཟིགས་ཞིབ་བྱེད་ཐུབ་པ་བྱུང་། དུས་མཚུངས་སུ་རྒྱལ་ཁབ་དཔེ་མཛོད་ཁང་གིས་སྔ་གཞུག་ཏུ་དཔེ་རྙིང་ཉར་ཚགས་སྡེ་ཚན36དང་མཉམ་འབྲེལ་སྒོས་གནའ་དཔེའི་གཞི་གྲངས་ཐོན་ཁུངས་མཉམ་འབྲེལ་འགྲེམས་སྤེལ་ཐེངས4ལ་རྩ་འཛུགས་བྱས་ཤིང་། 2019ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱིས་དཔེ་རྙིང་དང་གྲངས་གཞིའི་ཐོན་ཁུངས་དྲ་ཐོག་ནས་ཡོངས་བསྒྲགས་བྱས་པའི་གྲངས་འབོར་བསྡོམས་པས་ཁྲི7.2ལས་བརྒལ་ཡོད་པས། 《“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་རྒྱལ་ཡོངས་ཀྱི་དཔེ་རྙིང་སྲུང་སྐྱོང་ལས་དོན་འཆར་འགོད》ཀྱི་ཐོན་ཁུངས་འགྲེམ་སྤེལ་ལས་འགན་སྔ་མོ་ནས་ལེགས་འགྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།