ཀྲུང་གོ་བོད་ཀྱི་དྲ་བ།

ཞྭ་པའོ་ལུང“ཨུ་རུ་སིའི་རྒྱའི་སྐད་ཡིག་སློབ་ཁྲིད་དང་ཁྱབ་གདལ”གྱི་དྲ་ཐོག་བགྲོ་གླེང་ཚོགས་འདུའི་མཛད་སྒོའི་སྟེང་ཞུགས་ཏེ་ཤིས་ཚིག་ཕུལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེ་གྲོགས་པོ། ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཞྭ་པའོ་ལུང་ཚེས20ཉིན་གདན་དྲངས་པ་ལྟར“ཨུ་རུ་སིའི་རྒྱའི་སྐད་ཡིག་སློབ་ཁྲིད་དང་ཁྱབ་གདལ”གྱི་དྲ་ཐོག་བགྲོ་གླེང་ཚོགས་འདུའི་མཛད་སྒོའི་སྟེང་ཞུགས་ཏེ་ཤིས་ཚིག་ཕུལ།

ཞྭ་པའོ་ལུང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག  ཀྲུང་གོ་དང་ཨུ་རུ་སིས་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། འགྱུར་ལྡོག་དང་བཅོས་བསྒྱུར་ཆེ་བའི་འཛམ་གླིང་ཁྲོད་བྱེད་ནུས་འདོན་སྤེལ་བྱས། ད་ལོ་ནི《ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》སྟེང་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པའི་ལོ་ཡིན་ཞིང་། ཨུ་ཡོན་ལྷན་ཁང་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྐད་བརྡའི་སློབ་ཁྲིད་འདུ་བའི་སློབ་གསོའི་མཉམ་ལས་ལ་ཤུགས་བསྣན་ནས། དམངས་སེམས་གཅིག་འདྲེས་དང་དུས་རབས་ཀྱི་མཛའ་བརྩེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན། 

ཨུ་ཡོན་ལྷན་ཁང་གི་ཨུ་རུ་སིའི་ཕྱོགས་ཀྱི་ཀྲུའུ་ཞི་ཅིའི་ཐའོ་ཧྥུའུ་ཡིས་ཤིས་ཚིག་ཁྲོད་བསྟན་དོན། དེང་སྐབས་ཨུ་རུ་སི་དང་ཀྲུང་གོའི་དམངས་ཁྲོད་བར་གྱི་འགྲོ་འོང་གནས་ཚུལ་བཟང་ཞིང་། ཨུ་རུ་སིའི་རྒྱལ་ནང་གི་རྒྱའི་སྐད་ཡིག་སློབ་ཁྲིད་དང་ཁྱབ་གདལ་ཡར་རྒྱས་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་ལ་མཐུན་རྐྱེན་གསར་སྐྲུན་བྱས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།