ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་རང་རྒྱལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་ཚད་ཚོད་དཔག་ལྟར་ན་དུང་ཕྱུར30ལས་བརྒལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཚན་ཞིབ་འགག་སྒྲོལ་ཚན་ཆུང་གི་འགོག་སྨན་ཞིབ་འཇུག་གསར་སྤེལ་ཆེད་དོན་ཚན་ཁག་གི་བྱ་བའི་ཙུའུ་ཀྲང་ངམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་རྫས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲིན་ཀྲུང་ཝེ་ཡིས་པའོ་ཨའོ་ཡ་གླིང་གླེང་སྟེགས2021ལོའི་ལོ་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་དང་ཁྱབ་པའི་རང་བཞིན་གྱི་ཡན་ལག་གླེང་སྟེགས་སྟེང་བསྟན་དོན། ཅུང་སྔ་བའི་འཐབ་ཇུས་ཐག་གཅོད་དང་ལམ་ལུགས་ལེགས་ཆ། གསར་སྐྲུན་རྩ་འཛུགས་དོ་དམ་བཅས་ཀྱི་ཕན་ཁེ་ལས། མིག་སྔར་ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ལོ་ཧྲིལ་བོའི་ཐོན་སྐྱེད་བྱེད་ཚད་དུང་ཕྱུར50ལ་སླེབས་ཤིང་། ཚོད་དཔག་ལྟར་ན་ད་ལོའི་ཐོན་སྐྱེད་བྱེད་ཚད་དུང་ཕྱུར30ལས་བརྒལ་རྒྱུ་ཡིན་ལ། ལོ་མཇུག་ལ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད།

1.jpg

ཀྲིན་ཀྲུང་ཝེ་ཡིས་པའོ་ཨའོ་ཡ་གླིང་གླེང་སྟེགས2021ལོའི་ལོ་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་དང་ཁྱབ་པའི་རང་བཞིན་གྱི་ཡན་ལག་གླེང་སྟེགས་སྟེང་གཏམ་བཤད་གནང་བཞིན་པ།

ཀྲིན་ཀྲུང་ཝེ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཐོན་རྫེས། ཀྲུང་གོས་འཕྲལ་མ་ཐག་ཏུ་ཚན་ཞིབ་འགག་སྒྲོལ་ཇེ་མགྱོགས་སུ་བཏང་སྟེ་འགོག་སྨན་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཚན་ཞིབ་འགག་སྒྲོལ་ཚན་ཆུང་གི་འགོག་སྨན་ཞིབ་འཇུག་གསར་སྤེལ་ཆེད་དོན་ཚན་ཆུང་བཙུགས་རྗེས། རྒྱལ་ཡོངས་སུ་ཚན་ཞིབ་ལས་ཁུངས10ཡི་འགོག་སྨན12གསེད་འདེམས་བྱས་ཏེ་ཕྱོགས་ཡོངས་ནས་ཚན་ཞིབ་འགག་སྒྲོག་ལ་སྐུལ་འདེད་བཏང་ནས་ལེགས་འགྲུབ་བྱུང་ཚད་ལ་ཁག་ཐེག་བྱས་ཤིང་། འགོག་སྨན་འདི་དག་གོ་ལ་ཧྲིལ་བོའི་ལག་རྩལ་གཙོ་བོའི་ཁྱབ་ཁོངས་ཡོངས་ལ་ཁེབས་ཡོད།

གཞན་ཡང་ཀྲུང་གོའི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་དཔྱད་འཇོག་སོགས་ཀྱི་ལམ་ལུགས་སྟེང་ཕྲེང་སྦྲེལ་ནས་མཉམ་སྦྲེལ་གྱི་གསར་སྐྲུན་མངོན་འགྱུར་བྱས་པ་དང་། ཞིབ་འཇུག་གསར་སྤེལ་དང་སྲོག་ཆགས་ཚོད་ལྟ། དཔྱད་ཞིབ་ཆོག་མཆན་སོགས་ལས་ཁུངས་ཀྱིས་མཉམ་དུ་འགོག་སྨན་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་། ཁོས་བསྟན་དོན། འགོག་སྨན་གསར་སྤེལ་བྱེད་ཚད་ཅུང་མགྱོགས་ན་ཡང་། དུས་མཇུག་ཏུ་ཕྱི་རྒྱལ་ནས་སྤེལ་བའི་སྐབས་གསུམ་གྱི་ནད་ཐོག་ཚོད་ལྟ་སོགས་འདུས་པའི་གོ་རིམ་གཅིག་ཀྱང་ཆད་ལུས་བྱུང་མེད། ཀྲུང་གོའི་འགོག་སྨན་དཔྱད་ཞིབ་ཆོག་མཆན་ཚད་གཞི་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱི་ཚད་གཞི་ལས་མི་དམའ་བ་ཁོ་ཐག་ཡིན་ཟེར།

ཀྲུང་གོས་འགོག་སྨན་ཐོན་སྐྱེད་བཀོད་སྒྲིག་བྱེད་ཚལ་གྱི་གོ་རིམ་ཁྲོད། ད་རུང་གོ་ལ་ཧྲིལ་བོའི་རིམས་འགོག་གི་དགོས་མཁོར་ཡང་བསམ་གཞིགས་བཏང་ཡོད། ཀྲིན་ཀྲུང་ཝེ་ཡིས་བཤད་རྒྱུར། ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་དེ་གོ་ལ་ཧྲིལ་བོའི་སྤྱི་བའི་ཐོན་རྫས་སུ་བསྒྱུར་བའི་གྲོས་གཞི་བཏོན་ཟིན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དངོས་གནས་བཀོལ་ཐུབ་པ་དང་བཀོལ་ནུས་བར་བྱ་རྒྱུ་རེད། ཚོད་དཔག་ལྟར་ན་ད་ལོའི་ལོ་མཇུག་ལ། ཀྲུང་གོས་ཕྱོགས་མང་དང་ཕྱོགས་གཉིས་ལམ་ལུགས་བརྒྱུད་དེ་གོ་ལ་ཧྲིལ་བོར་སྔར་ལས་མང་བའི་འགོག་སྨན་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།