ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོའི་ནང་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བཀོལ་སྤྱོད་བྱེད་ཚད39.9%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའུ་ཡིས་ཉེ་སྔོན་བསྡུས་པའི་རྒྱུན་ལྡན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ1པོ་ནས་ཟླ3པའི་བར་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་དངུལ་གཏོང་ཁེ་ལས10263གསར་དུ་བཙུགས་ཡོད་ཅིང་། དུས་མཉམ་ལས47.8%འཕར་ཡོད། དེ2019ལོའི་དུས་མཉམ་དང་བསྡུར་ན6.7%འཕར། ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར3024.7དངོས་སུ་བཀོལ་སྤྱོད་བྱས་པ་དང་། དུས་མཉམ་ལས39.9%འཕར་ཏེ། 2019ལོ་དང་བསྡུར་ན24.8%འཕར་ཡོད

ལས་རིགས་ཕྱོགས་ནས་བལྟས་ན། ཞབས་ཞུ་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར2377.9དངོས་སུ་བཀོལ་སྤྱོད་བྱས་པ་དང་། དུས་མཉམ་ལས51.5%འཕར། ལག་རྩལ་མཐོ་བའི་ཐོན་ལས32.1%འཕར་ཡོད། དེའི་ཁྲོད་ལག་རྩལ་མཐོ་བའི་ཞབས་ཞུ་ལས་རིགས43.9%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས2.5%འཕར་ཡོད།

ཡོངས་ཁུངས་ཕྱོགས་ནས་བལྟས་ན། རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་མནའ་འབྲེལ་བཅས་ཀྱིས་དངོས་སུ་མ་དངུལ་གཏོང་ཚད་དུས་མཉམ་ལས་སོ་སོར58.2%དང་། 60%། 7.5%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།