ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་ལ་ཞབས་ཞུ་བཟང་བོ་བསྒྲུབ་ནས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་གྱི་འབྲེལ་ཡོད་བྱ་བ་སྔར་ལས་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་ལ་ཞབས་ཞུ་བཟང་བོ་བསྒྲུབ་ནས་གློད་སྡོམ་ཞབས་གསུམ་བཅོས་སྒྱུར་གྱི་འབྲེལ་ཡོད་བྱ་བ་སྔར་ལས་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་ནི་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱེད་པའི་བྱ་བ་གཙོ་བོ་ཡིན་ཟེར།

བསམ་འཆར་ལས་བསྟན་དོན། གཅིག ལས་ཞུགས་ཁོར་ཡུག་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས། ཚོང་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གསུམ། ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས། བཞི། འཛད་སྤྱོད་སྦས་ཤུགས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས། ལྔ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་དངུལ་གཏོང་ལ་སྐུལ་འདེད་གཏོང་དགོས། དྲུག དམངས་ཚིས་ཞབས་ཞུ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བདུན། བྱ་བའི་མགོ་འཇུག་བར་གསུམ་ལ་ལྟ་རྟོག་དོ་དམ་བྱེད་པར་ཤུགས་སྣོན་དགོས་ཟེར།

ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་ཞིང་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་དང་ཡིད་ཚིམས་ཚད་དེ་བཅོས་སྒྱུར་ཕན་འབྲས་ལ་དཔྱད་འཇོག་བྱེད་པའི་ཚད་གཞི་རུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གསོན་ཤུགས་ཇེ་ཆེར་གཏོང་བ་དང་འདྲ་མཉམ་དྲག་གཞག་ཡིན་པ། ཕན་འབྲས་ཐོབ་པར་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།