ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་གཅིག་པ་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིང་ནས་བསྡུ་རྒྱུ་ཐག་བཅད། 

ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་གྲོང་གསེབ་དར་རྒྱས་ཀྱི་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་དང་ཟས་རིགས་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན། མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། སློབ་གསོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། གཞི་གྲངས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན། མི་སྒེར་གྱི་བརྡ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན། ལྷོ་ཕྱོགས་རྒྱ་མཚོའི་རང་དབང་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་འཆར་ཟིན། ལྟ་ཞིབ་དཔོན་པོའི་བཅའ་ཁྲིམས་འཆར་ཟིན། དམག་མིའི་གོ་གནས་དང་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་དུས་བཅད་ཚོང་ཟོག་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱེད་པའི་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དགུའི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱེད་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱེད་པའི་བྱེད་ཐབས་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱེད་པ། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་སྔོན་རྩིས་ཞིབ་བཤེར་ལྟ་རྟོག་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་དུ་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་ལེགས་སྒྲིག་བྱེད་པའི་དབང་ཆ་སྩོལ་བའི་ཆོད་དོན་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་འགོད་པའི་ཁ་གསབ་གྲོས་ཆོད་ཡི་གེ་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི་སོགས་ལ་གྲོས་ཞིབ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་ས་གཤིས་སྦགས་བཙོག་འགོག་བཅོས་ཞིབ་འཇུག་དང་ཐག་གཅོད་བྱས་པའི་བཅའ་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་གནས་ཚུལ་དང་གྲོས་ཞིབ་བསམ་འཆར་གནས་ཚུལ། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ། འབྲེལ་ཡོད་ཀྱི་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱེད་པ་སོགས་ཀྱི་གྲོས་གཞི་བཏོན། 

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་སོགས་ཀྱི་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བཅས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་གཞི་སོགས་ཀྱི་ཐད་ནས་སྙན་ཞུ་ཕུལ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།