ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཟས་རིགས་བདེ་འཇགས་ནི་མི་རེ་རེའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བའི་དམངས་ཚིས་ཀྱི་དོན་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། མཉམ་འཛིན་དོ་དམ་དང་རོགས་ལས་མཉམ་བཅོས་ཀྱིས་ཟས་རིགས་བདེ་འཇགས་གནས་བབ་བསྟུད་མར་གཏན་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། ཟས་རིགས་བདེ་འཇགས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་དང་ཚེ་སྲོག་བླ་རུ་བཀུར་བའི་འདུ་ཤེས་བརྟན་པོ་ཆགས་སུ་བཅུག་སྟེ། ལྷོད་ཡངས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཟས་རིགས་བདེ་འཇགས་བྱ་བ་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ཟས་རིགས་བདེ་འཇགས་ལས་ཁུངས་ཀྱི་གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལྟ་རྟོག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་རྟོག་དོ་དམ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཐོན་སྐྱེད་དང་འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་འགག་སྒོ་རེ་རེ་དམ་འཛིན་དང་ཁྲིམས་བསྟར་ནན་མོ་བྱེད་པ། ཟས་རིགས་བདེ་འཇགས་ཀྱི་ཁྲིམས་འགལ་ནག་ཉེས་ལ་ཆད་གཅོད་བཅོས་སྐྱོང་བྱེད་པ། ཉེན་ཁའི་སྔོན་འགོག་དང་འཕྲལ་སྒྲུབ་ཆུ་ཚད་མྱུར་མོར་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁ་ཟས་བདེ་འཇགས་དང་སེམས་བདེ་མོས་འཛད་སྤྱོད་བྱེད་པར་འགན་སྲུང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ལ་ཤུགས་སྣོན་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།