ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས8པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིང་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར95ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཅེས་པ་བཀོད་ཡོད།

རྩོམ་ཡིག་གིས་ཀྲུང་གོས་གུང་ཁྲན་ཏང་བསྐྲུན་པ་དང་། འདི་ནི་གནམ་ས་སྒོ་འབྱེད་པའི་དུས་འགྱུར་ཆེན་མོ་ཞིག་ཡིན། དུས་འགྱུར་ཆེན་མོ་འདིས་ཉེ་རབས་རྗེས་ཀྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་བཏང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་བཏང་ལ། འཛམ་གླིང་གི་འཕེལ་རྒྱས་འགྲོ་ཕྱོགས་དང་རྣམ་པར་འགྱུར་ལྡོག་བཏང་། ང་ཚོས་ནམ་ཡིན་ཡང་ཏང་འཛུགས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་དཀའ་སྤྱད་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱེད་དགོས་པ་དང་། ནམ་ཡིན་ཡང་མི་དམངས་ལ་བློ་དཀར་བའི་བསམ་པ་སྲུང་འཛིན་བྱེད་དགོས་པར་ནན་གྱིས་བསྟན།

རྩོམ་ཡིག་ནང་བསྟན་དོན། བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་ངལ་རབ་དང་རིམ་པ་བརྒལ་ནས་རྒྱལ་ཁ་ཡང་དང་བསྐྱར་ཏུ་བླངས་པས། ཀྲུང་ཧྭ་མི་རིགས་ལ་རླབས་ཆེའི་བྱས་རྗེས་བཞག་པ་དང་། ཀྲུང་གོའི་ལོ་ངོ་སྟོང་ཕྲག་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཆབ་སྲིད་ནས་མི་དམངས་དམངས་གཙོ་ཡིན་པའི་རླབས་ཆེའི་མཆོང་བརྒལ་མངོན་འགྱུར་བྱས་ལ། ཀྲུང་ཧྭ་མི་རིགས་དེ་ཉམས་དམས་སུ་གྱུར་བ་ནས་གཞི་རྩའི་ལས་དབང་བསྒྱུར་བ་དང་། མུ་མཐུད་དུ་དར་རྒྱས་འབྱོར་ཕྱུག་ལ་བསྐྱོད་པའི་རླབས་ཆེའི་མཆོང་བརྒལ་མངོན་འགྱུར་བྱས་ཤིང་། ཀྲུང་གོ་མི་དམངས་ཀྲོང་ངེར་ལངས་པ་ནས་འབྱོར་ཕྱུག་དང་སྟོབས་ལྡན་དུ་གྱུར་བའི་རླབས་ཆེའི་མཆོང་བརྒལ་མངོན་འགྱུར་བྱས། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལས་དོན་ལ་མགོ་ཁྲིད་པ་བདམས་པ་ནི་ཡང་དག་པ་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་། ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བཏོད་པ་ནི་ཡང་དག་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེན་མོ་རྐང་ཚུགས་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་བྱེད་པ། རང་ཚུགས་རང་བདག་གིས་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ཇུས་ནི་ཡང་དག་ཡིན་པས། དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་། 

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། དེ་རིང་ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་དམིགས་འབེན་ལ་ཐག་ཉེ་བ་དང་། ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་ལས་ཀྱང་ཡིད་ཆེས་ཡོད་ལ། དམིགས་འབེན་འདི་མངོན་འགྱུར་གྱི་ནུས་པ་ཡོད་པས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ། ངེས་པར་དུ་མངོན་འགྱུར་བྱེད་ཐུབ་ཞེས་བཤད་ཆོག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།