ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་བྱས་རྗེས་བཞག་པའི་མི་སྣར་གཟེངས་བསྟོད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དྲུག་པ་ཡིན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་གསང་མྱུལ་རྒོལ་བའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་གཞིགས་ཏེ། ལིས་ཆེ་གེ་མོ་སོགས་བྱས་རྗེས་གཙོ་གནད་འཇོག་མཁན་དང་། ཀྲང་ཆེ་གེ་མོ་སོགས་བྱས་རྗེས་གལ་ཆེན་འཇོག་མཁན54ལ་གཟེངས་བསྟོད་གནང་། འདི་ནི2019ལོའི་ཚུན་ལ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བསྟུད་མར་ལོ་གསུམ་ལ་ཐེར་འདོན་ཐད་བྱས་རྗེས་འཇོག་མཁན་ལ་གཟེངས་བསྟོད་གནང་བ་རེད།

ཉེ་བའི་ལོ་འགའི་རིང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱ་ཆེར་དྲིལ་སྒྲོག་དང་གཏིང་ཟབ་དུ་ལག་བསྟར་བྱས་པ་དང་བསྟུན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་མངོན་གསལ་གྱིས་ཇེ་ཆེར་ཕྱིན་ནས། རྒྱ་ཆེའི་སྤྱི་དམངས་ཀྱིས12339གི་ཐེར་འདོན་ཁ་པར་དང་དྲ་རྒྱའི་ཐེར་འདོན་སྟེགས་བུ་བརྒྱུད་དེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་རྒྱལ་ཁབ་བདེ་འཇགས་ཐད་ཉེན་ཁ་ཆེ་བའི་དོགས་ཡོད་གནས་ཚུལ་ཞུ་གཏུག་བྱས་པ་དང་། དེས་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མངོན་པར་མཚོན་ཡོད།

གཟེངས་བསྟོད་ཐོབ་པའི་བྱས་རྗེས་འཇོག་མཁན་འདི་དག་ནི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཡོང་བ་ཡིན་ཏེ། ལས་ཁུངས་ཀྱི་ལས་བྱེད་པ་དང་དགེ་རྒན། སྨན་པ། བཟོ་སྐྲུན་པ། དམག་མི་བཅས་ཡོད་པ་མ་ཟད། ཁེ་ལས་ཀྱི་ལས་བཟོ་བ་དང་ཁྲིམས་རྩོད་པ། མཐོ་སློབ་ཀྱི་དགེ་རྒན། མགྲོན་ཁང་གི་ལས་བཟོ་བ། སྒེར་གཉེར་ཚོང་ལས་པ། ཞིང་བ། ཞོར་ལས་པ་སོགས་ཀྱང་ཡོད་པས། སྤྱིར་བཏང་གི་སྤྱི་དམངས་འདི་དག་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད། ཁོ་ཚོས་ཐེར་འདོན་བྱས་པའི་གནས་ཚུལ་དང་ཁུངས་སྣེ་ཡིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོ་སྲིད་པའི་བྱ་འགུལ་སྣ་ཚོགས་ལ་དོགས་ཟོན་དང་བཀག་འགོག་བྱེད་པར་རོགས་འདེགས་ནུས་ལྡན་འདོན་སྤྲོད་བྱས་ཡོད་ལ། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ནི་དམངས་ཡོངས་ཀྱི་མཉམ་སྐྲུན་དང་དམངས་ཡོངས་ཀྱི་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་མངོན་པར་མཚོན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།